དེ་རིང་གི་ལྷ་ས་དཀར་པོའི་གོས་ཀྱིས་བཀླུབས།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༣ ཚེས་ ༣༡

        དཔྱིད་ཀྱི་དཔལ་ཡོན་བཞད་པའི་དུས་ཚིགས་སུ་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་ཀུན་ལ་དྲོད་འཕར་ཞིང་ཁམ་བུའི་མེ་ཏོག་གིས་མིག་དབང་འཕྲོག་པ་དང་།  ལྷ་བྱ་ཁུ་བྱུག་སྔོན་མོའི་གསུང་སྙན་སྒྲོག་ཅིང་།  སོ་ནམ་གྱི་ལས་ལ་བྲེལ་བཞིན་ཡོད།  སྐབས་འགར་བྱ་གྲག་ཁ་བ་རྟ་རྒྱུག་འདྲ་ཟེར་བའི་དཔེ་ལྟར་ཁ་བས་རི་ཀླུང་གཡོགས་ཀྱང་།  དུས་ཡུན་ཐུང་ངོའི་ནང་རྟ་རྒྱུག་པ་ནང་བཞིན་ཞུ་བ་ཤིན་ཏུ་སླ།

        དེ་རིང་ཁྱེད་རྣམ་པའི་སྤྱན་ལམ་དུ་དཀར་གཙང་ཁ་བ་དང་ཁམ་བུའི་མེ་ཏོག་གིས་རྒྱན་དུ་སྤྲས་པའི་སྟོད་ཉི་མ་ལྷ་སའི་པར་རིས་ཡིད་དབང་འཕྲོག་པ་འགའ་སྤེལ་ཡོད་པས།  ཉམས་སུ་མྱོང་བར་འཚལ།