ཨ་ཅོན་གྱིས་མང་ཚོགས་ཕྱུག་འགྱུར་གྱི་ལམ་ལ་ཁྲིད།
ཡོང་ཁུངས།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༣ ཚེས་ ༣༠

མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་ལ་བརྟེན་ནས། བཙན་ལྷའི་ཨ་ཅོན་ནི་མགྱོགས་འཕྲིན་དང་། སྒྲ་འགུལ་སོགས་སྨྱན་བྱེད་ཆུང་བའི་རིགས་ཀྱི་གར་སྟེགས་ཁྲོད་མིང་གྲགས་ཅུང་ཙམ་ཡོད་པའི་དྲ་མི་གྲགས་ཅན་ཞིག་ཏུ་གྱུར་ཡོད། སྟབས་འགྲིག་སྟེས་ལེགས་ཀྱི་གོ་སྐབས་ཤིག་གིས་ཨ་ཅོན་ཕྱིར་ཕ་ཡུལ་དུ་ལོག་ནས་ཚོང་ལས་གཉེར་ཞིང་། གློག་རྡུལ་ཉོ་ཚོང་གི་སྟེགས་བུ་ཞིག་ཀྱང་རེག་པར་གྱུར།
ཨ་ཅོན་གྱིས་ས་གནས་ཐོན་རྫས་ཕྱིར་འཚོང་བྱེད་པ་ཕུད། གཞན་ད་དུང་གློག་རྡུལ་ཚོང་དོན་གྱི་དགེ་མཚན་བེད་སྤྱད་ནས། མཐའ་འཁོར་གྱི་མང་ཚོགས་དང་ཞིང་ལས་མཉམ་ལས་ཁང་དག་ལ་རོགས་རམ་བྱས་ནས་གློག་རྡུལ་ཚོང་དོན་འཕེལ་རྒྱས་ཁྲོད་ཟབ་ཞུགས་བྱེད་དུ་བཅུག ཡར་སྔོན་ཕྱིར་འཚོང་གི་བརྒྱུད་ལམ་ཡག་པོ་མིན་པས། ཞིང་ལས་ཐོན་རྫས་མང་པོ་རིན་གོང་དམའ་མོས་ཕྱིར་འཚོང་བྱས་པ་རེད། གློག་རྡུལ་ཚོང་དོན་གྱི་སྟེགས་བུ་སྟེང་བཞག་པ་ནས་སྡེ་མི་དག་གི་ཡོང་འབབ་ལ་འཕར་སྣོན་ཆེན་པོ་བྱུང་། མཚོ་འཕགས་སུམ་སྟོང་ལྔ་བརྒྱ་ཆེད་ལས་གསོ་སྤེལ་མཉམ་ལས་ཁང་གི་ཁོངས་མི་དག་གིས་ཀྱང་ཁེ་འབབ་ལེགས་པོ་རེག་ཐུབ་པར་གྱུར།།