མཚོ་སྔོན་གྱིས་ཐོག་མར་བོད་ཇ་འདེབས་འཛུགས་བྱས་ཤིང་མུའུ་5000ལ་བོད་ཇ་འཛུགས་རྒྱུ་རེད།
ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༨ ཚེས་ ༡༥

པད་མ་རྫོང་གི་དམིགས་བསལ་གྱི་ས་ཁམས་གནས་བབ་ཀྱིས་པད་མའི་བོད་ཇ་ཐོན་སྐྱེད་བྱས་ཡོད་ལ། དེར་ལུས་ཁམས་བདེ་སྲུང་གི་བྱེད་ནུས་ལེགས་པོ་ལྡན། ད་ལོར་ཞིང་ཆེན་ནགས་ལས་ཐིན་གྱིས་ལེགས་ཆའི་ཐོན་ལས་དང་ལེགས་ཆའི་ཐོན་ཁུངས། ལེགས་ཆའི་གནས་བབ། དམིགས་བསལ་གྱིས་འཕེལ་རྒྱས་སུ་གཏོང་བའི་རྩ་དོན་ལ་གཞིགས་ཏེ། ཤུགས་ཆེན་པོས་བོད་ཇ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐབས་ཇུས་གཏན་འཁེལ་བྱས་ཤིང་། བོད་ཇ་འཕེལ་རྒྱས་སུ་གཏོང་བ་བརྒྱུད་ཞིང་སྡེའི་ཐོན་ལས་སྒྲིག་གཞི་ལེགས་བཅོས་དང་རོང་འབྲོག་པའི་ཡོང་སྒོ་ཇེ་མང་ལ་གཏོང་བ་དང་། མཚོ་སྔོན་ལ་ཇ་ཐོན་སྐྱེད་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད།