ཨ་རིས་ཨི་རག་ལ་དམག་དོན་བློ་འདྲི་ཡུལ་130ཁ་སྣོན་བྱས།
ཡོང་ཁུངས།
སྤེལ་དུས།: ༢༠༡༤ ལོའི་ཟླ་ ༨ ཚེས་ ༡༥

ཧ་གར་གྱིས་ཉིན་དེ་གར་ཅ་ལི་ཧྥུ་ཉི་ཡ་མངའ་སྡེའི་ཕང་ཏར་ཏུན་དམག་སྒར་གྱི་མཚོ་དམག་རྟེན་གཞིར་གསུང་བཤད་གནང་སྐབས། ཨ་རིའི་དམག་གི་བློ་འདྲི་ཡུལ་དེ་དག་སྤྱི་ཚེས་12ཉིན་ཨི་རག་ཏུ་འབྱོར་ཡོད་པ་དང་། ཁོང་ཚོས་ཨི་རག་སྲིད་གཞུང་ནས་ཨི་རག་གི་ཐད་སྐྱོད་སྒྲིག་འཛུགས་ཀྱིས་མཐའ་སྐོར་བའི་ཤིན་ཅར་ཧྲན་རི་བོའི་ཁྲོད་ལུས་པའི་མི་སེར་མང་པོ་སྐྱོབ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་དང་། ཧ་གར་གྱིས་དམག་དོན་མི་སྣ་དེ་དག་གིས་ཨ་རིས་དབྱི་རན་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད་ཆེད་དཔྱད་དཔོག་གཏིང་ཟབ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་དང་། ཁོང་གིས་ཨ་རིས་ཨི་རག་ལ་ས་ཐོག་གི་དམག་འཐབ་དཔུང་སྡེ་མངགས་གཏོང་བྱེད་མི་སྲིད་པའི་ནན་བཤད་གནང་ཡོད།