ཟླ་འདིའི་ཚེས་ཉེར་བདུན་ཉིན་ཧུང་ཡོན་ནས་ལྷ་ས་དང་ཁྲིན་འདུ་ལ་འཕུར་ཆོག

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༣ ཚེས་ ༡༥
ཧུང་ཡོན་གནམ་གྲུ་འབབ་ཐང་།
        རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་རིམ་པའི་སྡེ་ཁག་དག་གི་འགོ་ཁྲིད་རྣམས་ཀྱིས་རྒྱབ་སྐྱོར་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ་རྣམས་ཀྱིས་སེམས་ཁུར་བྱས་འོག རྔ་བའི་ཧུང་ཡོན་གནམ་གྲུ་འབབ་ཐང་གི་མཁའ་ལམ་སྔར་བས་ཇེ་མང་དུ་གཏོང་བ་དང་རྔ་བ་ཁུལ་གྱི་ཡུལ་སྐོར་ཚོང་ར་གོང་སྤེལ་གཏོང་བ། གཟི་རྩ་སྡེ་དགུའི་མཛེས་ལྗོངས་ཁག་ཅིག་སྒོ་འབྱེད་བྱེད་པར་རོགས་འདེགས་གཏོང་ཆེད། རྔ་བའི་ཧུང་ཡོན་གནམ་གྲུ་འབབ་ཐང་གིས་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་ནས་ཁྲིན་འདུ---ཧུང་ཡོན---ཁྲིན་འདུ་དང་ཧུང་ཡོན---ལྷ་ས---ཧུང་ཡོན་བར་གྱི་འགྲུལ་བ་སྐྱེལ་བསུའི་འགོ་རྩོམ་རྒྱུ་ཡིན་པ་མ་ཟད། མུ་མཐུད་དུ་ཁྲུང་ཆིང་གི་མཁའ་ལམ་སླར་གསོ་བྱེད་པའི་འཆར་གཞི་འཐེན་ཡོད་པ་དང་། ཞི་ཨན་དང་ལན་གྲུ། ཧང་ཀྲུའུ། ཝུན་ཀྲུའུ་སོགས་ཀྱི་མཁའ་ལམ་ཕྱེ་རྒྱུར་བརྩོན་པ་བྱ་རྒྱུ་རེད།།