དཀར་མཛེས་ཁུལ་གྱི་འཐུས་མིས་འདི་ལྟར་གསུངས་འདུག
ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༣ ཚེས་ ༡༣

ཕྱིན་ཆད་དཀར་མཛེས་ཁུལ་གྱི་སྲིད་གཞུང་རིམ་པ་ཁག་གིས་དམིགས་ཚད་གཅིག་སྒྲུབ་པར་མངོན་གསལ་བྱུང་བ་དང་། འགག་རྩ་གཉིས་འབུར་དུ་ཐོན་པ། དོན་ཆེན་གསུམ་ཡག་པོར་འཛིན་པ། ཞན་ཆ་ཆེན་པོ་བཞིར་ཁ་གསབ་ལེགས་བཅོས་བྱེད་པ། རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་བ། འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བྱེད་པ་བཅས་ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་ནན་པོར་གཞིགས་ཏེ་ཁྱོན་ཡོངས་ནས་འཕར་སྣོན་བརྟན་པོ་དང་། སྒྱུར་བཅོས་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་འདོགས། ཉེན་ཁ་འགོག་པ། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་ཀ་ཡག་པོ་བསྒྲུབས་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་འཛུགས་སྐྱོང་བྱེད་ཤུགས་མགྱོགས་སུ་གཏང་རྒྱུ་ཡིན་ཞེས་གསུངས་པ་རེད།།