གཟི་རྩ་བསྐྱར་སྐྲུན་ལེགས་འགྲུབ་བྱུང་བ།
ཡོང་ཁུངས། རྔ་བ་བོད་ཡིག་གསར་འགྱུར།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༣ ཚེས་ ༡༣

མཛེས་སྡུག་ལྡན་པའི་གཟི་རྩའི་ལུང་བ་ནི་རང་བྱུང་ཁམས་ཀྱིས་གནང་བའི་ཆེས་མཆོག་གྱུར་གྱི་ཞིང་ཁམས་ཤིག་ཡིན་ལ། རིན་ཐང་གཞལ་དུ་མེད་པའི་མིའི་རིགས་ཀྱི་ཤུལ་བཞག་རིག་གནས་ཤིག་ཀྱང་ཡིན། དེ་ཡང་ལོ་རྒྱུས་ཀྱི་དུས་རིམ་སོ་སོར་གནས་འདིའི་མི་རྣམས་ཀྱིས་བླ་རི་དང་བླ་མཚོ་ཞིག་ཏུ་བརྩིས་པས་རེད། ལྗོངས་ཁུལ་རེ་རེ་བརྒྱུད་དུས་ང་ཚོས་མཐོང་བ་ནི་སྔོན་གྱི་ཆེས་སྙན་གྲགས་ཆེ་བའི་མཛེས་ཁུལ་རེ་ལ་གནོད་སྐྱོན་ཐེབས་ཏེ་ཤུལ་མེད་དུ་བཏང་འདུག་པ་དེ་ཡིན་མོད། འོན་ཀྱང་ད་ལྟ་ང་ཚོས་མཐོང་ཐུབ་པ་ནི་བསྐྱར་སྐྲུན་དང་སླར་གསོ་བཏང་ཟིན་པའི་ལྗོངས་ཁུལ་དེ་རེད་ལ། སྔོན་གྱི་མཛེས་ཉམས་དང་ཡོངས་སུ་མཚུངས།
མཚོ་རིང་ལ་མཚོ་ངོས་ལས་མཐོ་ཚད་སྨི་སུམ་སྟོང་བརྒྱ་དང་གྲངས་ཆུང་གཅིག་ཡོད་ལ། དེ་ནི་གཟི་རྩ་ལུང་བའི་རྒྱ་ཁྱོན་ཆེས་ཆེ་ཞིང་རིང་བ་དང་།མཚོ་ཧེའུ་ཙི་ལས་གཏིང་ཟབ་པས་གཟི་རྩའི་མ་ཡུམ་མཚོ་མོ་ཞེས་པའི་མཚན་སྙན་གནང་ཡོད་པ་རེད།།