སྡེ་དགེ་རྫོང་གིས་ཆེས་མཛེས་པའི་གནས་སྤོ་སྡེ་གསར་བསྐྲུན་པ།

ཡོང་ཁུངས། ངེད་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༣ ཚེས་ ༦
        ཉེ་ལམ། གསར་འགོད་པས་རྒྱུས་ལོན་བྱས་པའི་གནས་ཚུལ་ལྟར་ན། དབུལ་སེལ་འགག་སྒྲོལ་ལག་བསྟར་བྱས་པ་ནས་བཟུང་སྡེ་དགེ་རྫོང་གིས་དབུལ་ཕོངས་སྡེ་བ་གནས་སྤོར་དཀའ་བའི་འདུ་ཤེས་བསྒྱུར་འགོད་དང་འབྱོར་འབྲིང་ལ་བསྐྱོད་པའི་བགྲོད་ལམ་གསར་པར་གནས་སྤོ་བ་ཞེས་པ་བསམ་བློ་མཛུབ་སྟོན་དུ་བཟུང་ནས་བདེ་བླག་ངང་དབུལ་ཕོངས་སྡེ་བ་གནས་སྤོ་བར་འཕྲད་པའི་འདུ་ཤེས་བསྒྱུར་འགོད་དང་མ་དངུལ་གཅིག་སྡུད་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་ལྕང་ར་སྡེ་བའི་དུད་ཁྱིམ་117དང་དཔེ་ཡག་སྡེ་བའི་དུད་ཁྱིམ་53གནས་གཞན་དུ་གནས་སྤོ་དབུལ་སྐྱོར་དུ་ཚུད་པ་དང་། དབུལ་ཕོངས་སྡེ་བ་དེ་གཉིས་ཆེས་མཛེས་པའི་གནས་སྤོ་སྡེ་གསར་དུ་འཛུགས་སྐྲུན་བྱས་པ་རེད།།