སྐུ་འབུམ་བྱམས་པ་གླིང་དུ་འཆམ་རྒྱག་པའི་མཛད་སྒོ་སྤེལ་བ།
ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༣ ཚེས་ ༥

ཟླ་3ཚེས་1ཉིན་ནི་ལུགས་རྙིང་ཟླ་བ་དང་པོའི་ཚེས་14ཉིན་ཡིན་ཞིང་། སྐུ་འབུམ་བྱམས་པ་གླིང་དུ་འཆམ་རྒྱག་པའི་མཛད་སྒོ་གཟབ་རྒྱས་སྤེལ་བ་རེད། འཆམ་རྒྱག་པ་ནི་སྐུ་འབུམ་བྱམས་པ་གླིང་གི་ཆོས་ལུགས་བྱེད་སྒོ་གལ་ཆེན་གྲས་ཤིག་ཡིན་ལ། གེགས་དང་བར་ཆད་སེལ་བ་དང་། འགྲོ་བ་སེམས་ཅན་ཐམས་ཅད་སྐྱབས་དང་སྐྱོབ་མ་མཛད་པའི་སྨོན་ལམ་འདེབས་པ་རེད།།





