གོ་ལ་ཧྲིལ་པོའི་ས་བོན་མཛོད་ཁང་དུ་ལོ་10ཉར་ཚགས་བྱས་པའི་མ་དཔེ་ཁྲི་100ལས་བརྒལ།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༣ ཚེས་ ༢

       ནོར་ཝེ་བྱང་རྒྱུད་ཀྱི་སི་ཝའར་པ་གླིང་ཚོམ་དུ་གནས་པའི་གོ་ལ་ཧྲིལ་པོའི་ས་བོན་མཛོད་ཁང་དུ་ཚེས་26ཉིན་མཛོད་ཁང་བསྐྲུན་ནས་ལོ་10འཁོར་བའི་རྟེན་འབྲེལ་མཛད་སྒོ་འཚོགས་པ་རེད། ཉིན་དེར་ས་བོན་ཁག་གཅིག་བསྣན་པ་དང་འབྲེལ་མིག་སྔར་ས་བོན་མཛོད་ཁང་དུ་ཉར་ཚགས་བྱས་པའི་ས་བོན་གྱི་མ་དཔེའི་གྲངས་ཚད་ཁྲི་100ལས་བརྒལ་ཡོད་པ་རེད།།