སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་བྱས་ནས་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་བ།

ཡོང་ཁུངས། མི་དམངས་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༢ ཚེས་ ༢༣

རྟ་ཐོག་ནས་ཆང་བཀྱག་པ།

     ཟླ་2ཚེས་18ཉིན། བོད་ཀྱི་ལོ་གསར་ཚེས་གསུམ་གྱི་ཉིན་ལྷ་སའི་བྱང་འདབས་རྟ་རྒྱུག་ཐང་དུ་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་བྱས་ཡོད་ཅིང་། རྟ་པ་ཚོས་གཟིགས་མོ་བ་ཚོར"རྟ་ཐོག་ཞབས་བྲོ་འཁྲབ་པ"དང"རྟ་ཐོག་ནས་མདའ་འཕེན་པ" "རྟ་ཐོག་ནས་ཁ་བཏགས་སྒྲུག་པ" "རྟ་ཐོག་ནས་ཆང་བཀྱག་པ"སོགས་སྲོལ་རྒྱུན་རྟ་རྩལ་རྣམ་གྲངས་བཅུ་ལྷག་ཙམ་འཁྲབ་སྟོན་བྱས་ཡོད་པ་རེད།།

རྟ་ཐོག་ནས་ཁ་བཏགས་སྒྲུག་པ།

རྟ་ཐོག་ནས་མདའ་འཕེན་པ།