སྡེ་དགེ་རྫོང་གིས་ཚོང་རར་ལྟ་སྐུལ་དོ་དམ་བྱས་ཏེ་ལོ་སར་སྔོན་གྱི་བཟའ་བཅའ་ཉེན་མེད་ཡོང་བར་ཁག་ཐེག་བྱས།
ཡོང་ཁུངས། ཁམས་པའི་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༢ ཚེས་ ༦

ཐེངས་འདིར་ཕྱོགས་ལྔ་ཡི་ཐད་ནས་ཕྱོགས་བསྡུས་དག་ཐེར་ལེགས་བཅོས་བྱ་སྤྱོད་སྤེལ་བ་སྟེ། གཅིག་ནི་ཚོང་གཉེར་བྱེད་མཁན་གྱི་ཟོང་འདྲེན་བཙོངས་འཛིན་དང་ཐོ་འགོད་རྩིས་ཕྲ། ཚོང་རྫས་ཀྱི་ཚད་ལོན་དཔང་འཛིན། ཐུམ་རྒྱག་མཚོན་རྟགས། ཐོན་སྐྱེད་དུས་ཚོད། གོ་ཆོད་དུས་ཡུན། བཟའ་བཅའ་བཤམས་ཉར། འཚོང་ཡུལ་གྱི་གཙང་སྦྲ་བཅས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ཤིང་རིག་པའི་གནད་དོན་ལ་ཡུལ་དངོས་སུ་ཁྲིད་སྟོན་བྱེད་པ་དང་བཟའ་བཅའ་ཉེན་མེད་ཀྱི་བླང་བྱ་དང་མི་མཐུན་རྒྱུའི་པའི་རིགས་ལ་དག་ཐེར་ལེགས་བཅོས་བྱ་འགན་དཀྲི་བ་རེད། གཉིས་ནི་གཟེར་འཇགས་སྨན་གྱི་རིགས་ལ་ཞིབ་བཤེར་བྱས་པ་སྟེ། གཟེར་འཇགས་སྨན་ཉོ་མཁན་གྱི་དངོས་མིང་ཐོ་འགོད་བྱེད་ཡོད་མེད་དང་ཚད་ལྟར་བཙོང་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་རེད། གསུམ་ནི་གཤེར་རླངས་སྒྲིག་ཆས་སོགས་དམིགས་བསལ་མཁོ་ཆས་ལ་ཞིབ་བཤེར་བྱས་པ་རེད། བཞི་ལྔ་ནི་ཚད་དང་མི་མཐུན་པའི་གློག་སྐུད་དང་འཁྱེར་བདེ་གློག་གསོག་ཆས་སོགས་ཀྱི་ཚོང་རྫས་ལ་ཞིབ་བཤེར་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་ཁྲིམས་འཛིན་མི་སྣ18དང་རླངས་འཁོར་གཅིག་མངག་གཏོང་བྱས་ཤིང་། ཁྲོམ་ཚོང་པ80དང་སྨན་འཚོང་ཁང7 འཕྲིན་གཏོང་ཚོང་རྫས་པ10 དམིགས་བསལ་མཁོ་ཆས་བེད་སྤྱོད་ལས་ཁུངས་གཅིག་བཅས་ལ་ཞིབ་བཤེར་བྱས་པ་རེད།།