ལྷ་སའི་མེ་འཁོར་འབབས་ཚུགས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་དཔྱིད་གསར་སྐྱེལ་འདྲེན་བསུ་བ།
ཡོང་ཁུངས། ཀྲུང་གོ་བོད་ལྗོངས་དྲ་བ།
སྤེལ་དུས།: ༢༠༡༨ ལོའི་ཟླ་ ༡ ཚེས་ ༣༡

2018ལོའི་དཔྱིད་གསར་སྐྱེལ་འདྲེན་སླེབས་ལ་ཉེ་བས། བོད་ལྗོངས་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་སྟབས་བདེའི་བྱ་ཐབས་སྣ་མང་ལག་བསྟར་བྱས་ཏེ་འགྲུལ་པ་ཚོས་སྤ་སེ་ཉོ་བ་དང་མེ་འཁོར་སྡོད་པར་སྟབས་བདེ་བསྐྲུན་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་སྔོན་དཔག་བྱས་ན་དཔྱིད་གསར་སྐྱེལ་འདྲེན་རིང་འགྲུལ་པ་མི་ཐེངས་ཁྲི་16.5བསུ་སྐྱེལ་བྱེད་རྒྱུ་རེད།།
