དཀར་མཛེས་རྫོང་གི་ཆུ་བཤེར་རྩམ་པ་རྒྱལ་ཁབ་ཀྱི་ས་གཤིས་མཚོན་རྟགས་ཀྱི་ཐོན་རྫས་སྲུང་སྐྱོང་གྲས་སུ་ཚུད།
དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 12-21
ཉེ་ཆར། སྨྱུག་འཛིན་པས་དཀར་མཛེས་རྫོང་བཟའ་བཅའ་དང་སྨན་རྫས་བཟོ་ཚོང་སྤུས་ཚད་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོག་བྱུང་དོན། དཀར་མཛེས་རྫོང་གི་དཀར་མཛེས་ཆུ་བཤེར་རྩམ་པ་དེ་ས་གཤིས་མཚོན་རྟགས་ཀྱི་ཐོན་རྫས་སྲུང་སྐྱོང་གི་གྲས་སུ་ཞིབ་དཔྱད་བྱས་ནས་ཚད་ལོན་བྱུང་བ་དེ་ནི་དཀར་མཛེས་རྫོང་གི་ཆུ་བཤེར་རྩམ་པ་རྒྱལ་ཁབ་ཀྱི་ས་གཤིས་མཚོན་རྟགས་ཀྱི་ཐོན་རྫས་སྲུང་སྐྱོང་གྲས་སུ་ཚུད་པའི་མཚོན་རྟགས་ཡིན་ལ། ཁྱད་བཏགས་གྲགས་ཅན་གྱི་རིན་ཐང་དེར་རྒྱལ་ཁབ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་ཐོབ་པའང་ཡིན་པ་རེད། རྫོང་དེའི་ས་གཤིས་མཚོན་རྟགས་ཀྱི་ཐོན་རྫས་སྲུང་སྐྱོང་ལས་ཀའི་སྟོང་ཆ་བསྐོང་བས་ཐོན་ལས་དབུལ་སྐྱོར་གྱི་ལས་ཀར་དགེ་མཚན་ལྡན་པའི་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་རེད།
རྩམ་པ་ནི་ནས་བརྔོས་རྗེས་ཕྱེ་མ་འཐག་པའི་ཐོན་རྫས་ཤིག་ཡིན་ཞིང་། བོད་མི་རིགས་ཀྱི་ཕ་ཚ་བུ་རྒྱུད་རིང་ལ་སྲོལ་རྒྱུན་གྱི་བཟའ་བཅའ་གཙོ་བོ་ཡིན་པ་རེད། འཚོ་བཅུད་ཕུན་སུམ་ཚོགས་ལ་ཁུར་བདེ་ལ་ཟ་ཡང་བདེ་བ་དང་། བོད་ཁུལ་དུ་ཡུལ་སྐོར་བྱེད་མཁན་ཚོས་ཉོ་དགའ་ཡོད་པའི་བཟའ་བཅའ་ཆེས་ཡག་ཤོས་ཡིན་པ་རེད། ཆུ་བཤེར་རྩམ་པ་ནི་དཀར་མཛེས་རྫོང་གི་ཁྱད་ཐོན་དངོས་རྫས་ཡིན་པ་དང་ཁམས་ནས་ཨང་རྟགས3པ་དང་དེ་མིན་གྱི་སྤུས་ཀ་ཡག་པོའི་ནས་དཀར་གྱིས་རྒྱུ་ཆ་བྱས་པ་ཡིན་པས། ལོ་རྒྱུས་རིང་ལ་ལས་སྣོན་ཞིབ་མོ་དང་བྲོ་བ་ཞིམ་པའི་རྐྱེན་གྱིས་ཁམས་པའི་ཡུལ་ཕྱོགས་སུ་སྐད་གྲགས་ཁྱབ་པ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1