དེ་རིང་ནི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་ཡིན་པས་རྗེ་ཙོང་ཁ་པ་མཆོག་ཉིད་དགོངས་པ་ཆོས་དབྱིངས་སུ་འཐིམས་པའི་དུས་མཆོད་གྱི་ཉིན་མོ་ཡིན་པ་དང་། དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་བོད་ཡུལ་ཆོལ་ཁ་གསུམ་དུ་དད་ལྡན་སེར་སྐྱ་ཕོ་མོ་ཡོངས་ཀྱིས་རྗེ་བདག་ཉིད་ཆེན་པོར་སྙིང་དབུས་ནས་དད་གུས་ཀྱིས་རྗེས་དྲན་ཞུ་བ་མཚོན་ཕྱིར་མཆོད་པ་འབུལ་བ་དང་། ཕྱག་འཚལ་བ། སྨྱུང་གནས་སྲུང་བ། དམིགས་བརྩེ་མ་ཟློ་བ་དང་དཀར་བའི་ལས་བགྱི་བ་སོགས་ཆོས་ཀྱི་ཆོ་ག་རྒྱ་ཆེན་པོ་སྤེལ་སྲོལ་ཡོད་དོ། །
འདི་ནི་ཉིན་སྔོན་མར་ཁམས་མི་ཉག་དར་མདོ་ས་ཁུལ་གྱི་དད་ལྡན་མང་ཚོགས་ཀྱིས་ལྔ་མཆོད་དགོན་པ་རུ་ལྔ་མཆོད་ཆེན་མོའི་ཆོ་ག་སྤེལ་བར་གྲ་སྒྲིག་བྱེད་བཞིན་པའི་རྣམ་པ་རེད།།