དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྱི་རྒྱལ་ཁ་ལེན་དགོས། —— སྤྲོ་སེམས་འཁོལ་བའི་ངང་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་བར་རྟེན་འབྲེལ་ཞུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-02


        དགོངས་པ་གསར་པས་དུས་རབས་གསར་པར་ཁྲིད་སྟོན་བྱེད་པ་དང་འགན་འཁྲི་གསར་པས་རྒྱང་སྐྱོད་གསར་པའི་སྒོ་མོ་ཕྱེ་ཡོད། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གྲོས་རིམ་ཁག་དང་བླ་ན་མེད་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་པེ་ཅིང་དུ་རྒྱལ་ཁའི་ངང་གྲོལ་བ་རེད། རང་རེའི་ཏང་གིས་དུས་ནམ་ཡང་ལྷོད་གཡེང་མི་གཏོང་བའི་བསམ་བློའི་འཁྱེར་སོ་དང་ཞུམ་མེད་མདུན་སྐྱོད་བྱེད་པའི་འབད་འཐབ་ཀྱི་རྣམ་འགྱུར་ཐོག་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པའི་མདུན་སྐྱོད་ཀྱི་དུང་བརྡ་གྲགས་ཡོད།

ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད།

        ཚོགས་ཆེན་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་གནང་བའི་སྙན་སྒྲོན་ལ་ཆོག་མཆན་གནང་བ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ལ་ཆོག་ མཆན་གནང་བ།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ། སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་འདེམས་ཐོན་བྱུང་ཡོད། དེ་ནི་མཐུན་སྒྲིལ་གྱི་ཚོགས་ཆེན་ཞིག་དང་། རྒྱལ་ཁའི་ཚོགས་ཆེན་ཞིག ཡར་བརྩོན་གྱི་ཚོགས་ཆེན་ཞིག་བཅས་ཡིན་པ་དང་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ལོ་རྒྱུས་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ཚོགས་ཆེན་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ལ་ཚད་མཐོའི་གདེང་འཇོག་བྱས་ཡོད། སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་ཕྱོགས་སྡོམ་བྱས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་སྙོམས་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་འགྱུར་བ་སོགས་ཆབ་སྲིད་ཀྱི་ཆོད་སྡོམ་གལ་ཆེན་བཏོན་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཆ་ལག་ཚང་བའི་ངང་རྒྱས་བཤད་བྱས་པ། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་མཛད་ཇུས་ཁ་གསལ་བཏོན་པ།  དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ལན་ཁ་གསལ་བཏབ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཡོད།

འཐུས་མི་ཚང་མས་དེ་ནི་དར་ཆ་གསལ་སྟོན་དང་། ཁ་ཕྱོགས་ཁྲིད་སྟོན། མཛད་ཇུས་གསལ་བཟོ། འཆར་གཞི་འགོད་པ་བཅས་ཀྱི་སྙན་སྒྲོན་ཡག་པོ་ཞིག་དང་། འོད་སྟོང་འཕྲོ་བའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག རང་རེའི་ཏང་དུས་རབས་གསར་པར་སླེབས་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ། ལེའུ་གསར་པ་རྩོམ་པ་བཅས་ཀྱི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན་བཅས་ཡིན་པའི་ངོས་འཛིན་གནང་བ་རེད ཚོགས་ཆེན་ཐོག་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བརྒྱུད་མྱོང་བའི་ཧ་ཅང་སྤྱིར་བཏང་མ་ཡིན་པའི་འབད་འཐབ་ལམ་བུར་ཚད་མཐོའི་གདེང་འཇོག་བྱས་ཡོད།

ལོ་ལྔའི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་འགན་འཁྲི་ཁུར་སེམས་ཆེན་པོར་བརྟེན་ནས་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་དང་། མཛད་ཕྱོགས་སྲིད་ཇུས་གལ་ཆེན་རབ་དང་རིམ་པ། བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཅས་བཏོན་གནང་བ་དང་། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་བ། ཡུན་རིང་ཐག་གཅོད་བྱེད་དགོས་བསམས་ཀྱང་ཐག་གཅོད་མ་བྱུང་བའི་དཀའ་གནད་མང་པོ་ཞིག་ཐག་གཅོད་བྱུང་བ་དང་། དེ་སྔ་སྒྲུབ་དགོས་བསམས་ཀྱང་སྒྲུབ་ཐུབ་མེད་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་ཡོད། ལོ་ལྔའི་རིང་ཏང་དང་རྒྱལ་ཁབ་ ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རང་རེའི་ཏང་གི་ལོ་རྒྱུས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་བཅས་ལ་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད།“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ”དེ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པར་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་ཞིག་ཡིན་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཁྱབ་པའི་གཙོ་རྐང་ཞིག་ཀྱང་ཡིན། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བར་དུས་རབས་གསར་པའི་དོན་སྙིང་གལ་ཆེན་དང་ཕུན་སུམ་ཚོགས་པའི་ནང་དོན་དང་།དུས་རབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དུས་རབས་གསར་པར་རང་རེའི་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་ཁོང་དུ་ནན་པོ་ཆུད་པ་བྱས་ཐོག་རླབས་ཆེན་གྱི་འཐབ་རྩོད་སྔར་བས་ཡག་པོ་བྱེད་པ་དང་། རླབས་ཆེན་གྱི་འདུ་འགོད་འཛུགས་སྐྲུན། རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ། རླབས་ཆེན་ཕུགས་འདུན་མངོན་འགྱུར་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དཀའ་སྤྱད་འབད་འཐབ་ལ་བརྟེན་ནས་ཀྲུང་་་ཧྭའི་བུ་ཕྲུག་ཡོངས་ལ་ཟམ་མི་ཆད་པར་ཡར་བརྩོན་བྱ་རྒྱུར་སྐུལ་མ་བཏང་སྟེ་ཀྲུང་གོའི་ཕུགས་འདུན་མཉམ་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་དགོས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་བྱས་པའི་མཆོང་སྐྱོད་གཞན་ཞིག་ཡིན་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་གྱི་འགོ་ནས་མཇུག་བར་ཁྱབ་པའི་བླ་སྲོག་ཡིན།“ཁ་གསལ་བརྒྱད”ནས“མཐའ་འཁྱོངས་བཅུ་བཞིའི”བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་ཇི་ལྟར་གཏོང་དགོས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་དེར་ཆ་ལག་ཚང་བའི་ངང་ལན་བརྒྱབ་པ་དང་འབྲེལ་ལག་ལེན་གསར་པར་གཞིགས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་ཕྱོགས་ཁག་ཐད་རིགས་པའི་གཞུང་ལུགས་ཀྱི་དབྱེ་ཞིབ་དང་སྲིད་ཇུས་ཀྱི་མཛུབ་ཁྲིད་བྱས་པ་དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཐུབ་ཆེད་འབད་འཐབ་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འདི་ཉིད་ཏང་གིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པར་གཏན་འཁེལ་བྱས་པ་དེ་ནི་ཏང་གི་མཛུབ་ཁྲིད་དགོངས་པ་སླར་ཡང་དུས་བསྟུན་འཕེལ་རྒྱས་ཕྱིན་པ་ཞིག་ཡིན་པ་དང་ཏང་ཡོངས་ཀྱིས་དེའི་དགོངས་དོན་གྱི་ངོ་བོ་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ་ལས་དོན་ཁག་ནང་ཕྱོགས་ཡོངས་དང་ཡང་དག་པའི་ངང་ལག་བསྟར་དོན་འཁྱོལ་བྱེད་དགོས།ཏང་གི་ཚོགས་ཆེན་བཅུ་དགུ་པ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བར་ནི“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་སྦྲེལ་མཐུད་ཀྱི་དུས་མཚམས་ཤིག་ཡིན། འགག་རྩའི་དུས་སྐབས་འདིར་ཏང་གི་ཚོགས་ཆེན་བཅུ་དགུ་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཐད་འཐབ་ཇུས་བཀོད་སྒྲིག་གསར་པ་བྱས་ཡོད། དུས་མཚམས་དང་པོ་ནི། 2020ལོ་ནས་2035ལོ་བར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་ནས་མངོན་འགྱུར་ཐུབ་རྒྱུ་དང་། དུས་མཚམས་གཉིས་པ་ནི། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་།དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་བསྐྲུན་རྒྱུ་རེད། འཐབ་ཇུས་བཀོད་སྒྲིག་དེ་ལས་རང་རེའི་ཏང་ལ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་15ཡི་སྔ་སྣུར་དུ་གཏན་ལ་འཁེལ་བའི་ལོ་བརྒྱ་གཉིས་པའི་དམིགས་ཚད་ལེགས་སྒྲུབ་ཐུབ་པའི་ནུས་པ་ལྡན་པ་མཚོན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཐད་འདུན་ལམ་གསར་པ་ལྡན་པ་མངོན་ཡོད། ལོ་རྒྱུས་ཀྱིས་བློ་རྩ་བརྟན་པ། འབད་འབུངས་ཆེ་བ། འཐབ་འཛིང་ཕོད་པ་བཅས་ལ་མ་གཏོགས་དོ་ཁུར་བྱེད་མི་སྲིད་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ནས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་བར་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པའི་བར། ང་ཚོས་བློ་བརྟན་འགྱུར་མེད་དང་སྙིང་རུས་ལྷོད་མེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་བརྗིད་ཆེའི་ལེའུ་ཧུར་ཐག་རྩོམ་དགོས།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མེད་ན་མི་རིགས་བསྐྱར་དར་ཟེར་བ་སྟོང་བསམ་ཞིག་ཡིན་ངེས་པ་ལོ་རྒྱུས་ལས་ར་སྤྲོད་བྱས་ཟིན་ཡོད་ལ། མུ་མཐུད་ར་སྤྲོད་བྱ་རྒྱུ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་འདི་ཉིད་གསར་བརྗེའི་རང་བཞིན་གྱི་འཛུགས་སྐྱོང་ཁྲོད་སྔར་བས་སྲ་བརྟན་དུ་ཕྱིན་ནས་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་དེ་བས་ཆེ་བ་འཕེལ་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱས་ཡོད། ད་ཆ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་སྟབས། རང་རེའི་ཏང་ལ་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་ཡོང་བ་བྱེད་པར་ངེས་པར་དུ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱར་གཞིགས་ནས་ཏང་འཛུགས་སྐྱོང་བྱ་རྒྱུ་དེ་སྔ་ཕྱི་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་་དུ་སྐྱོད་པ་དང་། མི་དམངས་ཀྱིས་ལྷག་བསམ་རྣམ་དག་ངང་བརྩི་བཀུར་ཞུ་བ། རང་ངོས་གསར་བརྗེ་བྱེད་ཕོད་པ། ཉེན་ཁ་སྣ་ཚོགས་ཀྱི་ཚོད་བགམ་ཐེག་ཐུབ་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་འཛིན་ཏང་བཅས་ལ་འགྱུར་བ་བྱས་ནས་འཛམ་གླིང་གི་དུས་བབ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་ཏང་འདི་ཉིད་སྔ་ཕྱི་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུ་འགན་ལེན་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་ཚོད་བགམ་སྣ་ཚོགས་ལ་ཁ་གཏད་འཇལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཏང་འདི་ཉིད་སྔ་ཕྱི་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་བློ་གཏད་བཅོལ་སར་འགྱུར་བ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཏང་འདི་ཉིད་སྔ་ཕྱི་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་ལ་འགྱུར་བ་བཅས་བྱེད་དགོས།

        ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་ངེས་དགོས། དེང་སྐབས་ང་ཚོར་འཕྲད་པའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་བློ་གྲོས་དང་སྟོབས་ཤུགས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུའི་ཐད་གཅིག་སྒྲིལ་ཐུབ་པ་བྱ་རྒྱུ་དེ་ཡིན། ཏང་ཡོངས་ཀྱིས་ངེས་པར་དུ་དཀའ་སྤྱད་འབད་འཐབ་དང་ང་རྒྱལ་དང་འཚབ་འཚུབ་སྤོང་བའི་སྤྱོད་ཚུལ་རྒྱུན་འཁྱོངས་དང་།

ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས། མཐུན་སྒྲིལ་ཐུབ་པའི་སྟོབས་ཤུགས་མཐའ་དག་མཐུན་སྒྲིལ་བཅས་བྱས་ནས་དུས་ཀྱིས་མི་མ་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་ཐོག་ནས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྐྱོད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དེ་བས་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་རྒྱུན་ཆད་མེད་པར་གཏོད་དགོས།ཀྲུང་ཧྭ་མི་རིགས་ནི་གེགས་བར་སྣ་ཚོགས་བརྒྱུད་མྱོང་ལ་དཔའ་ངར་ཞུམ་མེད་ཀྱི་རླབས་ཆེན་མི་རིགས་ཤིག་རེད། ཀྲུང་གོ་མི་དམངས་ནི་ལས་ལ་བརྩོན་ཞིང་དཔའ་ངར་ཞུམ་མེད་དང་འབད་བརྩོན་ལྷོད་མེད་བྱེད་མཁན་རླབས་ཆེན་མི་དམངས་ཤིག་རེད། ཀྲུང་གོ་གུང་ཁྲན་ཏང་ནི་འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པའི་རླབས་ཆེན་གྱི་སྲིད་ཏང་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པར་སྒྲེང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ། དཀའ་སྤྱད་སྙིང་རུས་ཀྱིས་ལས་དོན་སྒྲུབ་པ་བཅས་བྱས་ནས་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་ཡོང་བ་བྱེད་པ། འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་་ཀྱི་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གསུམ་མངོན་འགྱུར་བྱ་ཆེད་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་།དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་མུ་མཐུད་འབད་འཐབ་བྱེད་དགོས།

夺取新时代中国特色社会主义伟大胜利(社论)

——热烈祝贺中国共产党第十九次全国代表大会胜利闭幕

人民日报 》( 20171025日   03 版)

  新思想引领新时代,新使命开启新征程,中国共产党第十九次全国代表大会圆满完成各项议程和崇高使命,在北京胜利闭幕。我们党以永不懈怠的精神状态和一往无前的奋斗姿态,吹响了夺取新时代中国特色社会主义伟大胜利的前进号角。

 

  党的十九大是在全面建成小康社会决胜阶段、中国特色社会主义进入新时代的关键时期召开的一次十分重要的大会。大会批准了习近平同志代表第十八届中央委员会所作的报告,批准了中央纪律检查委员会工作报告,审议通过了《中国共产党章程(修正案)》,选举产生了新一届中央委员会和中央纪律检查委员会。这是一次团结的大会、胜利的大会、奋进的大会,在我们党和国家的发展进程中具有极其重大的历史意义。

 

  大会高度评价习近平同志所作的报告。报告高举中国特色社会主义伟大旗帜,总结了党的十八大以来党和国家事业的历史性变革,作出了中国特色社会主义进入了新时代、我国社会主要矛盾已经转化为人民日益增长的美好生活需要和不平衡不充分的发展之间的矛盾等重大政治论断,系统阐述了新时代中国特色社会主义思想,明确提出了新时代坚持和发展中国特色社会主义的基本方略,深刻回答了新时代坚持和发展中国特色社会主义的一系列重大理论和实践问题,对决胜全面建成小康社会、开启全面建设社会主义现代化国家新征程作出了全面部署。代表们一致认为,这是一个举旗帜、指方向、明方略、绘蓝图的好报告,是一篇光辉的马克思主义纲领性文献,是我们党进入新时代、踏上新征程、书写新篇章的政治宣言和行动纲领。

 

  大会高度评价第十八届中央委员会的工作,高度评价党的十八大以来我们党带领人民所经历的极不平凡的奋斗历程。五年来,以习近平同志为核心的党中央,以巨大的政治勇气和强烈的责任担当,提出一系列新理念新思想新战略,出台一系列重大方针政策,推出一系列重大举措,推进一系列重大工作,解决了许多长期想解决而没有解决的难题,办成了许多过去想办而没有办成的大事。五年来,党和国家事业发生的历史性变革、取得的历史性成就,在我们党的历史、中华人民共和国历史、中华民族历史上具有里程碑意义。

 

  “中国特色社会主义进入了新时代”,这是党的十九大对我国发展新的历史方位的科学判断,也是贯穿党的十九大报告的一条主线。在新时代坚持和发展中国特色社会主义,就要深刻认识新时代的重大意义和丰富内涵,就要深刻认识新时代我国社会主要矛盾的历史性变化,从而牢牢把握我们党在新时代的历史使命,更好进行伟大斗争、建设伟大工程、推进伟大事业、实现伟大梦想,在新时代中国特色社会主义的伟大实践中,以党的坚强领导和顽强奋斗,激励全体中华儿女不断奋进,凝聚起同心共筑中国梦的磅礴力量。

 

  习近平新时代中国特色社会主义思想,是马克思主义基本原理同中国具体实际相结合的又一次飞跃,也是贯穿党的十九大报告的灵魂。从“八个明确”到“十四条坚持”,习近平新时代中国特色社会主义思想,系统回答了新时代坚持和发展什么样的中国特色社会主义、怎样坚持和发展中国特色社会主义这个重大时代课题,并根据新的实践对党和国家事业各方面作出了理论分析和政策指导,是全党全国各族人民为实现中华民族伟大复兴而奋斗的行动指南。把习近平新时代中国特色社会主义思想确立为党必须长期坚持的指导思想,这是党的指导思想又一次与时俱进,全党要深刻领会其精神实质和丰富内涵,在各项工作中全面准确贯彻落实。

 

  从党的十九大到党的二十大,是“两个一百年”奋斗目标的历史交汇期。在这一关键时期,党的十九大对新时代中国特色社会主义发展作出新的战略安排。第一个阶段,从2020年到2035年,在全面建成小康社会的基础上,基本实现社会主义现代化;第二个阶段,从2035年到本世纪中叶,把我国建成富强民主文明和谐美丽的社会主义现代化强国。这一战略安排,表明我们党有能力带领全国各族人民提前15年完成原定的第二个百年目标,使中华民族伟大复兴的中国梦呈现出崭新图景。历史只会眷顾坚定者、奋进者、搏击者,从全面建成小康社会到基本实现现代化,再到全面建成社会主义现代化强国,我们要坚忍不拔、锲而不舍,奋力谱写社会主义现代化新征程的壮丽篇章。

 

  历史已经证明并将继续证明,没有中国共产党的领导,民族复兴必然是空想。党的十八大以来,我们党在革命性锻造中更加坚强,焕发出新的强大生机活力,为党和国家事业发展提供了坚强政治保证。今天,中国特色社会主义进入新时代,我们党要有新气象新作为,就必须按照新时代党的建设总要求,把党建设成为始终走在时代前列、人民衷心拥护、勇于自我革命、经得起各种风浪考验、朝气蓬勃的马克思主义执政党,确保党在世界形势深刻变化的历史进程中始终走在时代前列,在应对国内外各种风险和考验的历史进程中始终成为全国人民的主心骨,在坚持和发展中国特色社会主义的历史进程中始终成为坚强领导核心。

 

  不忘初心,牢记使命。当前,摆在我们面前的首要政治任务,就是认真学习贯彻党的十九大精神,把思想和行动统一到党的十九大精神上来,把智慧和力量凝聚到落实党的十九大提出的各项任务上来。全党一定要保持艰苦奋斗、戒骄戒躁的作风,保持党同人民群众的血肉联系,团结一切可以团结的力量,以时不我待、只争朝夕的精神,奋力走好新时代的长征路,不断开创中华民族伟大复兴更加光明的前景。

 

  中华民族是历经磨难、不屈不挠的伟大民族,中国人民是勤劳勇敢、自强不息的伟大人民,中国共产党是敢于斗争、敢于胜利的伟大政党。让我们更加紧密地团结在以习近平同志为核心的党中央周围,高举中国特色社会主义伟大旗帜,以习近平新时代中国特色社会主义思想为指导,锐意进取,埋头苦干,为实现推进现代化建设、完成祖国统一、维护世界和平与促进共同发展三大历史任务,为决胜全面建成小康社会、夺取新时代中国特色社会主义伟大胜利、实现中华民族伟大复兴的中国梦、实现人民对美好生活的向往继续奋斗!


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1