ཟླ་9ཚེས་13ཉིན་ཀྲུང་གོའི་པེ་ཅིང་རྒྱལ་སྤྱིའི་རིག་གནས་བློ་གསར་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་བཅུ་གཉིས་པ་མཇུག་བསྒྲིལ་བ་རེད། སྐབས་འདིའི་པེ་ཅིང་རིག་གནས་བློ་གསར་ཐོན་ལས་དངོས་མང་སྟོན་ཚོགས་སུ་ཁྱོན་བསྡོམས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་23གྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་ཞུགས་ཡོད་པ་དང་། རྒྱལ་ཁབ་ཕྱི་ནང་གི་རིག་གནས་བློ་གསར་ཁེ་ལས་1800ལྷག་གིས་རིག་གནས་འཁྲབ་རྩལ་དང་། འགུལ་རིས་རོལ་རྩེད། རླུང་འཕྲིན་བརྙན་འཕྲིན། བཟོ་རྩལ་མཛེས་རྩལ། གསར་འགྱུར་དཔེ་སྐྲུན། རིག་དངོས་དང་རྟེན་རྫས་བཤམས་མཛོད་ཁང་། བློ་གསར་ཇུས་འགོད། བློ་གསར་འབུལ་རྟེན་དང་སྒྱུ་རྩལ་ཐོན་རྫས། ལུས་རྩལ་དང་བག་ཕེབས་ངལ་གསོ། རིག་གནས་ཡུལ་སྐོར། རིག་གནས་ཚན་རྩལ། རིག་གནས་དངུལ་རྩ་སོགས་གཙོ་གནད་རིག་གནས་བློ་གསར་ཐོན་ལས་ཁྱབ་ཁོངས་ཀྱི་ཐོན་རྫས་གསར་པ་དང་། གསར་གཏོད། ལས་གཞི་གསར་པ། བྱ་ཐབས་གསར་པ། རྣམ་པ་གསར་པ་སོགས་མངོན་གསལ་དུ་འགྲེམས་སྟོན་བྱས་པ་རེད། དུས་ཡུན་ཉིན་གསུམ་གྱི་ནང་དུ་ཁྱོན་བསྡོམས་རིག་གནས་བློ་གསར་གྱི་ཐོན་ལས་ཀྱི་ཐོན་རྫས་ཉོ་ཚོང་དང་། སྒྱུ་རྩལ་ཐོན་རྫས་ཉོ་ཚོང་སོགས་ཀྱི་གྲོས་མཐུན་བཞག་པའི་དངུལ་འབོར་བསྡོམས་གྲངས་སྒོར་དུང་ཕྱུར་977.28ཟིན་ཡོད་པ་རེད།