ཁེ་ལས་གྲགས་ཅན་དཀར་མཛེས་ཁུལ་དུ་བསྐྱོད་ཅེས་པའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-22


        ཟླ་བ8པའི་ཚེས13ཉིན་གྱི་ཕྱི་དྲོར།  ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཞིང་ཆེན་མ་འཇོག་སྐུལ་སྤེལ་ཅུས། ཞིང་ཆེན་སྲིད་གཞུང་གི་ཐའེ་དབན་ལས་དོན་གཞུང་དོན་ཁང་བཅས་ཀྱིས་ཐུན་མོང་དུ་གཉེར་བའི་ཁེ་ལས་གྲགས་ཅན་དཀར་མཛེས་ཁུལ་དུ་བསྐྱོད་ཅེས་པའི་མ་འཇོག་མཉམ་ལས་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་དང་ལས་གཞིར་གན་རྒྱ་བཞག་པའི་མཛད་སྒོ་དེ་འདབ་པ་རྫོང་དུ་སྤེལ་བ་རེད།  རང་ཁུལ་གྱིས་ཡུལ་སྐོར་ལས་རིགས་དང་ཞིང་ཕྱུགས་ལས་རིགས།  རྒྱ་བོད་སྨན་རིགས་སོགས་ངོ་སྤྲོད་འོས་སྦྱོར་བྱ་རྒྱུའི་གཙོ་གནད་དུ་བཞག་ཡོད་པ་རེད།     བྱེད་སྒོ་སྤེལ་ཡུལ་དངོས་སུ་ཚོགས་འདུར་ཞུགས་མཁན་སྐུ་མགྲོན་དང་ཁེ་ལས་མཁས་ཅན་ལ་དཀར་མཛེས་ཀྱི་ཡིད་འོང་གི་རང་བྱུང་ཡུལ་ལྗོངས་དང་།  རིག་གནས་ཀྱི་རྨང་གཞི་ཟབ་མོ།  ཁྱད་འཕགས་ཀྱི་མ་དངུལ་འཇོག་པའི་ལས་གཞི་བཅས་འགྲེམས་སྟོན་བྱས་ཤིང་།  ཡུལ་དངོས་སུ་ཁྱོན་བསྡོམས་མ་འཇོག་མཉམ་ལས་ལས་གཞི་16ལ་གན་རྒྱ་བཞག་པ་ལས།  དེའི་ནང་ཡུལ་སྐོར་དང་ལས་སྣོན།  དེང་རབས་ཀྱི་དངོས་ཟོག་བསྡུ་འགྲེམས། གློག་རྡུལ་ཚོང་དོན།  ནུས་ཁུངས་གསར་པ།  ཞིང་འབྲོག་ལས་རིགས་སོགས་ཀྱི་ཐོན་ལས་སུ་མ་དངུལ་སྒོར་དུང་ཕྱུར་46.3བཞག་ཟིན་པ་རེད། 
        ཁུལ་སྲིད་གཞུང་དང་འདབ་པ་རྫོང་གིས་ཁག་དབྱེ་ནས་གཞན་ལས་ལྷག་པའི་ཐོན་ལས་དང་གཙོ་གནད་ལས་གཞི་འོས་སྦྱོར་ངོ་སྤྲོད་བྱས་པ་རེད། 
        གན་རྒྱ་འཇོག་པའི་མཛད་སྒོའི་ཐོག་དར་མདོ་གྲོང་ཁྱེར་དང་།  རོང་བྲག་རྫོང་།  བརྒྱད་ཟིལ་རྫོང་།  ཉག་ཆུ་རྫོང་།  ལི་ཐང་རྫོང་།  འདབ་པ་རྫོང་།  སྡེ་རོང་རྫོང་།  ཉག་རོང་རྫོང་། དཀར་མཛེས་ཁུལ་དང་མེན་ཧྲན་གྲོང་ཁྱེར་བར་མཉམ་ལས་བྱས་པའི་བཟོ་ལས་ལྡུམ་ཁུལ་བཅས་ཁག་བགོས་ནས་མ་དངུལ་འཇོག་པའི་ཁེ་ལས་དང་ལས་གཞིའི་མཉམ་ལས་གྲོས་མཐུན་གྱི་གན་རྒྱ་བཞག་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1