ཉེ་ལམ་རྔ་བ་གསར་འགྱུར་དྲ་བས་བསྒྲགས་པའི་གནས་ཚུལ་ལྟར་ན། དུས་ཡུན་ཟླ་གཉིས་ལྷག་གི་རིང་ལ་གཅིག་བསྡུས་སྒོས་སྒྲིག་བཟོ་བྱས་པ་བརྒྱུད་འབར་ཁམས་གྲོང་ཁྱེར་གྱི་ཆེས་ཐོག་མའི་ཁྱད་ལྡན་ཐོན་རྫས་ཚོང་ར་ལེགས་གྲུབ་བྱུང་། ཚོང་ར་ལེགས་པར་གྲུབ་པ་དེས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཀྱི་ཉོ་ཚོང་གཅིག་བསྡུས་ཅན་དང་ཚོང་ར་ཚད་ལྡན་ཅན་དུ་གཏང་བར་ཕན་ནུས་ཆེན་པོ་བཏང་བ་རེད། དུས་མཚུངས་སུ་ཡུལ་སྐོར་བས་ཀྱང་སྟབས་བདེ་ངང་རྒྱུ་སྤུས་ཚད་ལྡན་གྱི་ཁྱད་ལྡན་ཐོན་རྫས་འཛད་སྤྱོད་བྱས་ཆོག་པ་རེད།