2009ལོར་ཇོ་མོ་གླང་མ་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་ཅུས་ཀྱི་རྒྱབ་སྐྱོར་འོག་ཚེ་རིང་ནོར་བུས“ཕན་བདེ་བ”ཞེས་པའི་མཐུན་ཚོགས་ཤིག་བཙུགས་ཤིང་། མཐུན་ཚོགས་དེ་འདྲ་ཞིག་འཛུགས་པའི་དམིགས་ཡུལ་ནི་དམངས་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་དང་། སྡེ་ཁུལ་གྱི་གྲོང་མིར་ཁོར་ཡུག་སྲུང་སྐྱོབ་ཁྲོད་ཟབ་ཞུགས་བྱེད་པར་སྐུལ་འདེད་གཏང་རྒྱུའི་ཆེད་དུ་རེད། མིག་སྔའི་བར་མཐུན་ཚོགས་དེས“ཕན་བདེ་བ”400ལྷག་གསོ་སྐྱོང་བྱས་ཡོད་པ་རེད།