འཁྲབ་སྟོན་པས་ཡར་འབྲོག་སྤྱང་གཞས་འཁྲབ་སྟོན་བྱེད་བཞིན་པ།
དུས་ཡུན་ཉིན་གསུམ་གྱི་རྒྱལ་ཡོངས་གྲོང་གསེབ་གསར་པའི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་སྐབས་དྲུག་པ་སྤྱི་ཟླ་ལྔ་པའི་ཚེས་༡༥ཉིན་ཟི་ཁྲོན་ཞིང་ཆེན་རྡའ་ཀྲའུ་གྲོང་ཁྱེར་དུ་གཉེར་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རྒྱལ་ཡོངས་གྲོང་གསེབ་གསར་པའི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་ཐོག་དགའ་སྤྲོའི་ངང་ཤང་གྲོང་གི་རྣམ་པར་མྱོང་རོལ་བྱེད་ཅེས་པ་དང་། གྲོང་གསེབ་གསར་པའི་འབྲུག་དབྱིབས་གྲུ་གཟིངས་ཀྱི་འགྲན་བསྡུར་ཆེན་མོ། རིག་གནས་གསར་རྩོམ་ཐོན་རྫས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་གཉེར་རྒྱུ་རེད། རྒྱལ་ཡོངས་གྲོང་གསེབ་གསར་པའི་རིག་གནས་སྒྱུ་རྩལ་འཁྲབ་སྟོན་སྐབས་དྲུག་པའི་འགོ་ཚུགས་མཛད་སྒོའི་ཐོག་རང་ལྗོངས་ནས་ཡོང་བའི་འཁྲབ་སྟོན་པས་ངོ་མཚར་ཆེ་བའི་ཡར་འབྲོག་སྤྱང་གཞས་འཁྲབ་པ་རེད།།