ཟླ་3ཚེས་16ཉིན་ནི་བོད་ཀྱི་མེ་མོ་བྱ་ལོའི་ཟླ་1ཚེས་19ཉིན་མོ་རེད། ཉིན་དེར། བོད་ལྗོངས་ཀྱི་ལོ་རེའི་སྲོལ་རྒྱུན་གྱི་དཔྱིད་རྨོས་ལས་སྒོ་ཚུགས་ཏེ་ཆར་ཆུ་དུས་སུ་འབབ་པ་དང་ཞིང་ལས་ལོ་ལེགས་ཡོང་བར་སྨོན་གསོལ་འདེབས་པ་རེད། བྱེད་སྒོའི་སྐབས། གྲོང་མི་ཚོས་གཟབ་མཆོར་སྤྲས་ནས་ལྷ་དང་སྲུང་མར་མཆོད་པ་དང་། རྨོས་གཤོལ་འཛུགས་པ། ཞལ་འདོན་གསོལ་སྨོན། བྲོ་འཁྲབ་རྟེན་འབྲེལ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།