ཉེ་ལམ། ཐན་ཧྥིན་གླུ་གཞས་བྱེད་སྒོ་ཡོན་ནན་ཞིང་ཆེན་ཏ་ལི་ཀྲུའུ་ཞང་ཡོན་རྫོང་ནས་སྤེལ་འགོ་ཚུགས། རྒྱུས་ལོན་བྱུང་བ་ལྟར་ན། ཐན་ཧྥིན་གླུ་གཞས་བྱེད་སྒོ་ནི་མིང་རྒྱལ་རབས་ཀྱི་སྐབས་སུ་དམངས་ཁྲོད་དུ་དར་འགོ་ཚུགས་ཤིང་ལོ་རེའི་ལུགས་རྙིང་གི་སྤྱི་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན་བྱེད་སྒོ་དུས་ལྟར་སྤེལ་བ་རེད། ཐེངས་འདིའི་བྱེད་སྒོར་ལྟད་མོ་བ་ཁྲི་ལྷག་ཞུགས་ཤིང་། རྒྱ་རིགས་དང་དབྱི་རིགས། ལི་སུའུ་རིགས། པའེ་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་ལྟད་མོ་བ་མང་པོས་ལུས་ལ་འཕྱོར་གོས་ཀྱིས་བརྒྱན་ཏེ་དམངས་གླུ་བླངས་ཞིང་ཞབས་བྲོ། ལ་གཞས་སོགས་བླངས་ནས་དགའ་བའི་དཔལ་ལ་རོལ།།