སྤྱི་ཟླ་3པའི་ཚེས་9ཉིན་གྱི་ཕྱི་དྲོར། སྐབས་བཅུ་གཉིས་པའི་དམངས་ཆེན་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་སི་ཁྲོན་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཏེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ་ལ་གྲོས་ཞིབ་བྱས། རྒྱལ་ཁབ་ཕྱི་ནང་གི་འཕྲིན་སྦྱོར་ཁག་གི་གསར་འགོད་པ་170ཐེངས་འདིའི་ཚངས་འཛོམས་གྲོས་ཚོགས་ལ་ཞུགས་པ་རེད།
གྲོས་ཚོགས་སྟེང་ཝང་ཏུང་མིང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ་སི་ཁྲོན་གྱིས་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་རབ་དང་རིམ་པ་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་ལག་བསྟར་དོན་འཁྱོལ་བྱས་པར་མ་ཟད། ཏང་ཀྲུང་དབྱང་གི་འཐབ་ཇུས་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ་གཅིག་སྡུད་སྒོས་གནས་ལྔ་བཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་སྐུལ་འདེད་དང་མཐུན་སྦྱོར་ངང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་བཏང་ནས་ཕྱོགས་སོ་སོ་ནས་གྲུབ་འབྲས་གསར་པ་བླངས། དེ་མིན་ཞིང་ཆེན་ཡོངས་ནས་དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་དང་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་བཅོས། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་། ལས་བྱེད་པ་དང་དམངས་ཚོགས་ཀྱིས་འབད་བརྩོན་ལྷུར་ལེན་བྱེད་པའི་རྣམ་པ་ལེགས་པོ་ཆགས་པ་རེད། གོ་རིམ་འདིའི་ཁྲོད་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་འཕེལ་རྒྱས་འཐབ་ཇུས་ཀྱི་ངེས་ཤུགས་ལ་དམིགས་ཤིང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དང་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཞིང་ཆེན་ཡོངས་ཀྱི་ལས་ཀའི་བརྗོད་དོན་ལ་གཡོ་འགུལ་མེད་པ་རྒྱུན་འཁྱོངས་བྱས་ཏེ་དཔལ་འབྱོར་བདེ་བླག་ངང་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་བཏང་བ་ཡིན་ཞེས་བསྟན།།