སྤྱི་ཟླ་2པའི་ཚེས་16ཉིན། ལོ་གསུམ་རིང་གི་འབད་བརྩོན་འོག་རང་རྒྱལ་ལྷོ་ནུབ་ས་ཁུལ་གྱི་ལྕགས་ལམ་ཐོག་མའི་ཕུག་ལམ་རིང་མོ —ཁྲེན་ལན་ལྕགས་ལམ་ཀྱི་ཕིང་ཨེ་ཕུག་ལམ་ཤར་གཏོང་བྱས། ཕུག་ལམ་འདི་ཡིས་རང་རྒྱལ་གྱི་ས་ཡོམ་དྲག་པོའི་ས་ཁུལ་དང་ས་གཤིས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པའི་ཆ་རྐྱེན་འོག་ཏུ་ཕུག་ལམ་རིང་མོ་མེད་པའི་སྟོང་ཆ་ཁ་སྐོང་བྱས།
ཕིང་ཨེ་ཕུག་ལམ་ནི་རྔ་བ་ཁུལ་གྱི་མའོ་རྫོང་སུ་གནས་ཡོད་ཅིང་། སྤྱིའི་རིང་ཚད་སྤྱི་ལེ་28.4ཡོད་ལ་འཇུས་འགོད་བྱས་ལྟར་ན་མྱུར་ཚད་ནི་200kmཡིན། འདི་ནི་རང་རྒྱལ་ལྷོ་ནུབ་ས་ཁུལ་གྱི་ལྕགས་ལམ་ཐོག་མིའི་ཕུག་ལམ་རིང་མོ་ཡིན་ལ་2013ལོའི་ཟླ་10པའི་ཚེས་22ཉིན་ལ་ལས་འགོ་ཚུགས་ཡོད། ལས་དོན་ཚན་ཆུང་གིས་ཟླ་58ནང་ལེགས་འགྲུབ་བྱུང་དགོས་པའི་འཆར་གཞི་བཞག་ཡོད་ཀྱང་ལས་རིགས་ཁག་གི་འབད་བརྩོན་འོག་ཟླ་39ནང་དུ་ལེགས་གྲུབ་བྱུང་ཐུབ་ཡོད། །