ཝུན་ཁྲོན་རྫོང་གིས་དཔྱིད་རྨོ་འདེབས་ལ་གྲ་སྒྲིག་བྱས་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-14
སྤྱི་ཟླ་2པའི་ཚེས་11ཉིན། དཔྱིད་རྨོ་འདེབས་ལ་དུས་ལ་ཐོན་པའི་སྐབས་སུ། ཝུན་ཁྲོན་རྫོང་མཁོ་ཚོང་ཁང་གིས་ཞིང་ལས་ཐོན་ཁུངས་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཝུན་ཁྲོན་རྫོང་གི་དཔྱིད་རྨོ་འདེབས་ཀྱི་ལས་ཀ་བདེ་བླག་ངང་སྤེལ་བར་རོགས་འདེགས་བྱས། རྫོང་མཁོ་ཚོང་ཁང་གིས་མ་ལག་ལྡན་པའི་སྒོ་ནས་རྫོང་ཡོངས་ཀྱི་དཔྱིད་རྨོ་འདེབས་ཀྱི་ཞིང་ལས་མཁོ་ཆས་འདོན་སྤྲོད་ཀྱི་འགན་སྲུང་གནས་ཚུལ་ལ་རྟོག་ཞིབ་བྱས་ཏེ་ཞིང་ལས་མཁོ་ཆས་སྣ་ཚོགས་སྡེབ་སྒྲིག་དང་ཞིང་ལས་མཁོ་ཆས་རྒྱུན་ཆད་མི་འབྱུང་བར་ཁག་ཐེག་བྱས།།