སྤྱི་ཟླ་2པའི་ཚེས་8ཉིན། དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》ལས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱ་གར་གྱི་མིང་ལ་སང་ཅ་དབྱི་(Sanjayནང་དོན་ནི་རྒྱལ་ཁ།)ཟེར་བའི་གླང་ཆེན་ཞིག་རྔོན་པས་ལོ་ངོ50རིང་གདུག་རྩུབ་ཀྱི་བཙོན་ལ་བཅུག་པར་མ་ཟད་བཙན་ཤེད་ཀྱིས་གཉེན་སྒྲིག་མཛད་སྒོའི་སྟེང་འཁྲབ་སྟོན་བྱེད་དུ་བཅུག སྟབས་ལེགས་པ་ཞིག་ལ་མིག་ཕྱེད་ཀ་ཞར་བའི་གླང་ཆེན་འདི་ད་ནི་གཞི་ནས་བཙོན་ལས་ཐར་ཏེ་བག་ཕེབས་ཀྱི་འཚོ་བ་རོལ་ཐུབ་པ་བྱུང་།།