རྔ་མོང་གིས་ཤེད་ཤུགས་འགྲན་པ།
ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-18
2017ལོའི་སྤྱི་ཟླ་1པོའི་ཚེས་15ཉིན། ཏུར་ཁེ་ཡི་ལྷོ་ནུབ་རྒྱུད་ཀྱི་གྲོང་ཁྱེར་དབྱི་ཙི་སྨི་ཨེར་ཉེ་འགྲམ་གྱི་སེ་ཨེར་ཆིའུ་ཁོ་གྲོང་རྡལ་དུ། རྔ་མོང་གཉིས་ཀྱིས་རྩལ་འགྲན་ར་བའི་ཐོག་ནས་ཤེད་ཚད་འགྲན་བསྡུར་བྱས། འགྲན་བསྡུར་འདི་ནི་ཏུར་ཁེ་ཡི་ལོ་ངོ་སྟོང་གཉིས་ཡན་ཆད་ཀྱི་ལོ་རྒྱུས་ལྡན་པའི་སྲོལ་རྒྱུན་རིག་གནས་ཀྱི་དོན་ཆེན་རྣམ་གྲངས་ཤིག་ཡིན་པའི་ཆ་ནས། རྔ་མོང་གིས་ཤེད་ཚད་འགྲན་བསྡུར་དེ་ལོ་རེའི་དགུན་ཁ་སེ་ཨེར་ཆིའུ་ཁོ་རུ་སྤེལ་བཞིན་ཡོད་པ་རེད། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1