སྤྱི་ཚེས་21ཉིན་མཁའ་དབྱིངས་ཞེས་པའི་བོད་ལྗོངས་རིག་གནས་ཤུལ་བཞག་གྲངས་འཛིན་སྒྱུ་རྩལ་འགྲེམས་སྟོན་ཐེ་ལེན་གྱི་རྒྱལ་ས་པང་ཁོག་གི་ཕོ་བྲང་བ་ལེའི་ཉོ་ཚོང་ལྟེ་གནས་སུ་སྤེལ་བ་དང་། དེ་ནི་ཐེ་ལེན་དུ་མཁའ་དབྱིངས་ཀྱི་བོད་ལྗོངས་ཞེས་པའི་རིག་གནས་ཤུལ་བཞག་གྲངས་འཛིན་སྒྱུ་རྩལ་འགྲེམས་སྟོན་བྱེད་ཐེངས་ཐོག་མ་དེ་ཡིན་པ་དང་། འགྲེམས་སྟོན་གྱི་བརྗོད་གཞི་གཙོ་བོ་ནི་མཁའ་དབྱིངས་ཀྱི་བོད་ལྗོངས། མི་ཡུལ་གྱི་གནས་མཆོག་ཞེས་པ་དེ་ཡིན་ཞིང་། དེང་རབས་ཀྱི་གྲངས་འཛིན་ལག་རྩལ་དང་ཟུང་བྲེལ་ཐོག་བོད་ལྗོངས་ཀྱི་ཕུན་སུམ་ཚོགས་པའི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ནུས་ཁུངས་ཐེ་ལེན་གྱི་མི་དམངས་ཚོའི་མིག་ལམ་དུ་ཕུལ་ཡོད།