ལི་ཁེ་ཆང་གིས་ནོར་ཝེའི་ཕྱི་འབྲེལ་བློན་ཆེན་པུའུ་ལོན་ཏི་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-20


        སྤྱི་ཟླ་12པའི་ཚེས་19ཉིན། རྒྱལ་སྤྱི་སྤྱི་ཁབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ནོར་ཝེའི་ཕྱི་འབྲེལ་བློན་ཆེན་པུའུ་ལོན་ཏི་ལ་མཇལ་འཕྲད་གནང་། 
        ལི་ཁེ་ཆང་གིས་ནོར་ཝེ་ནི་ཅུང་སྔོན་མར་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལས་བསྟན་པ་ལྟར་ན་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་དྲང་བདེན། ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་གྱི་ཕྱོགས་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པ་དེ་ནི། ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་ཕྱོགས་གཉིས་བར་གྱི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་སྔོན་འགྲོ་དང་རྨང་གཞི་ཡིན་པ་རེད། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་གཏིང་ཟབ་སྒོས་གྲོས་མོལ་གནང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བར་གཅིག་མཐུན་གྱི་འདུ་ཤེས་ཆགས། ཀྲུང་གོའི་ཕྱོགས་ཀྱིས་སྐབས་གསར་པའི་ནོར་ཝེ་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། ཤུགས་ཆེན་པོས་ཀྲུང་གོའི་བར་གྱི་འབྲེལ་བ་ལེགས་བཅོས་དང་འཕེལ་རྒྱས་སུ་བཏང་བར་བསྟོད་བསྔགས་བྱེད་བཞིན་ཡོད་ལ། ནོར་ཝེ་ཕྱོགས་དང་མཉམ་དུ་འབད་བརྩོན་དང་ཕྱོགས་གཉིས་བར་གྱི་འབྲེལ་བའི་རྣམ་པ་གསར་པ་གསར་གཏོད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏང་འདོད་ཅེས་བསྟན། 
        པུའུ་ལོན་ཏི་ཡིས་ནོར་ཝེ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་པར་ལོ་རྒྱུན་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ལ་གསལ་བརྡ་བཟང་པོ་ཞིག་བཏང་བ་རེད། ནོར་ཝེའི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁེ་ཕན་དང་སེམས་ཁུར་ཆེན་པོ་ལ་བརྩི་འཇོག་བྱ་ངེས། འདི་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་ཆབ་སྲིད་རྨང་གཞི་རེད། ནོར་ཝེའི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བའི་གོ་སྐབས་དམ་འཛིན་བྱས་ཏེ་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་དང་ཕྱོགས་གཉིས་ཀྱི་རང་དབང་བཟོ་ཚོང་གི་ཆོད་དོན་ལ་སྐུལ་འདེད་གཏང་འདོད་ཅེས་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1