ལི་ཁེ་ཆང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་གསར་བསྐོས་ཙུང་ལི་ཨ་ལེ་པོ་ཧྥའུ་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-16
སྤྱི་ཟླ་12པའི་ཚེས་15ཉིན། ལི་ཁེ་ཆང་གིས་ཨུ་ཟ་བྷེ་ཁི་སི་ཐན་གྱི་གསར་བསྐོས་ཙུང་ལི་ཨ་ལེ་པོ་ཧྥའུ་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།
ལི་ཁེ་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་། དེང་སྐབས་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་བར་གྱི་འབྲེལ་བ་རྒྱུན་མཐུད་དང་བརྟན་འཇགས་ངང་འཕེལ་རྒྱས་ཕྱིན་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་ཇེ་མང་དུ་གྱུར་ཞིང་ཆབ་སྲིད་ཡིད་ཆེས་ཉིན་རེར་སྲ་བརྟན་དུ་གྱུར། མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། ད་ལོར་ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་མཛའ་འབྲེལ་བཙུགས་པ་དེས་ཕྱོགས་གཉིས་ཀྱི་མཉམ་ལས་ཐད་ལ་སྔར་ལས་བརྟན་པའི་ཆབ་སྲིད་རྨང་གཞི་བཏིང་། ཀྲུང་གོ་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཨུ་ཟ་བྷེ་ཁི་སི་ཐན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཚད་མཐོན་པའི་མཐོང་ཆེན་བྱེད་བཞིན་ཡོད། བདག་གིས་ཁྱེད་དང་མཉམ་དུ་འབད་པ་ཆེན་པོས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་བར་གྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཛའ་འབྲེལ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་འདོད་ཅེས་བསྟན།།