ཉེ་ཆར། རྔ་བ་རྫོང་གིས་སློབ་ཞུགས་རོགས་སྐྱོར་འཆར་གཞི་ཁག་དང་པོའི་ཡིག་ཚགས་བཟོས་བའི་དཀའ་ཁག་ཡོད་པའི་སློབ་མ་ཚོར་རོགས་སྐྱོར་བྱེད་པའི་བྱེད་སྒོ་རྔ་བ་རྫོང་གི་ལུས་རྩལ་ཐང་ཆེན་ནས་སྤེལ། ཐེངས་འདིར་རོགས་སྐྱོར་བྱ་ཡུལ་གྱི་སློབ་མའི་ཁྲོད་མཐོ་འབྲིང་སློབ་མ་168དང་ཆེད་སྦྱོང་སློབ་མ་74 སློབ་ཆེན་དངོས་གཞིའི་སློབ་མ་18བཅས་ཡོད་པ་དང་། ཁྱོན་བསྡོམས་དམངས་སྒོར་ཁྲི་129.6ཙམ་གྱིས་རོགས་སྐྱོར་བྱས་པ་རེད། །