ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས(རྒྱ་སྐྱེད།)ཚོགས་འདུ་འཚོགས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-03
སྤྱི་ཟླ་10པའི་ཚེས་31ཉིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་(རྒྱ་སྐྱེད།)ཚོགས་འདུ་འཚོགས་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་།དོན་འཁྱོལ་བྱས། ཞིང་ཆེན་སྲིད་གཞུང་གི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་འབྲེལ་ཡོད་གསུང་བཤད་གནང་།
ཚོགས་འདུའི་ཐོག ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ལས་མི་ཁག་དང་ཞིང་ཆེན་སྲིད་གཞུང་གི་སྡེ་ཁག་སོ་སོས་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་དགོས་ཤིང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་བརྒྱུད་བསྒྲགས་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དུ་བརྩིས་ནས། ནན་ཏན་དང་གོ་བ་གཏིང་ཟབ་དུ་ལེན་པ་དང་ལག་བསྟར་དང་སློབ་སྦྱོངས་དམ་པོ་བྱ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དངོས་ཡོད་འཚོ་བའི་ནང་དུ་ལག་བསྟན་དང་དོན་འཁྱོལ་ཡོང་བ་བྱ་དགོས་ཞེས་བསྟན།།