རྒྱལ་ཁབ་གྱི་སྨན་བཅོས་ཧྭ་ཞི་ནད་བཅོས་རུ་ཁག་གིས་ཧུང་ཡོན་ནས་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-01
ཉེ་ཆར། རྒྱལ་ཁབ་གྱི་ཧྭ་ཞི་སྨན་བཅོས་རུ་ཁག་གི་སྨན་པ་16ཧུང་ཡོན་རྫོང་དུ་སོང་ནས། རྨེ་བ་དགོན་པ་དང་ཇོ་མོའི་དགོན་ནས་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ།
རྒྱུས་ལོན་བྱུང་བ་ལྟར་ན། སྨན་བཅོས་བྱེད་པའི་ཡུལ་དངོས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། སྒྲིག་ལམ་ཡོད་པའི་སྒོ་ནས་སྨན་པའི་སྨན་བཅོས་བྱེད་བཞིན་ཡོད། ཐེངས་འདིའི་བྱེད་སྒོའི་ནང་རིན་མེད་སྒོས་སྨན་བཅོས་བྱེད་བཞིན་ཡོད་པར་མ་ཟད་ཡུལ་དངོས་སུ་མང་ཚོགས་དང་གྲྭ་བཙུན་དག་ལ་འཚོ་བའི་འགོག་སྲུང་དང་ལུས་པོར་གཅེས་སྐྱོང་བྱེད་པའི་རྒྱུན་ཤེས་འཆད་ཁྲིད་དང་ངོ་སྤྲོད་བྱས། ཐེངས་འདིའི་བྱེད་སྒོའི་ཐོག་རིན་གོང་སྒོར་ཁྲི་1.5ཡི་སྨན་རྫས་དང་བདེ་ཐང་དྲིལ་བསྒྲགས་ཡིག་ཆ་དེབ་གྲངས་1000འགྲེམ་སྤེལ་བྱས་པར་མ་ཟད། གྲྭ་བཙུན་མི་གྲངས་200ལྷག་ལ་སྨན་བཅོས་བྱས།།