ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིང་དུ་འཚོགས་པ།

ཚེ་དཔལ་གྱིས་སྒྲིག་སྒྱུར་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-28



ཞི་ཅིན་ཕིང་གིས་གསུང་བཤད་གནང་བཞིན་པ། 

ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིང་དུ་འཚོགས་པ།

        2016ལོའི་སྤྱི་ཟླ་10པའི་ཚེས་24ནས་ཚེས་27བར་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིང་དུ་འཚོགས་ཤིང་།  ཚང་འཛོམས་གྲོས་ཚོགས་སྟེང་ཀྲུང་དབྱང་ཨུ་ཡོན་197དང་། རྗེས་སྣོན་ཨུ་ཡོན་151ཞུགས་ཡོད། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་འཐུས་མིའི་གཞི་རིམ་གྱི་བློ་མཐུན་དང་ཆེད་མཁས་པ་ཁག་ཅིག་ཀྱང་གྲོས་ཚོགས་ལ་ཟུར་ཞུགས་གནང་།
        ཚང་འཛོམས་གྲོས་ཚོགས་ལ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གཙོ་སྐྱོང་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཚང་འཛོམས་གྲོས་ཚོགས་སྟེང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མངག་བཅོལ་ལྟར་ཞི་ཅིན་ཕིང་གིས་ཕུལ་བའི་ལས་ཀའི་སྙན་ཞུ་ལ་གསན་ཏེ་གྲོས་བསྡུར་མཛད་དེ་ 《གནས་བབ་གསར་པའི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ།》དང་《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག》ལ་གྲོས་འཆམ་བྱུང་བར་མ་ཟད། 《ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་པའི་སྐོར་ཀྱི་ཆོད་དོན།》ལ་གྲོས་འཆམ་བྱུང་། ཞི་ཅིན་ཕིང་གིས་《ཚད་གཞི།(གྲོས་བསྡུར་མ་ཟིན།)》དང་《སྲོལ་ཡིག(གྲོས་བསྡུར་མ་ཟིན།)》ཐད་ནས་གྲོས་ཚོགས་ལ་གསལ་བཤད་གནང་།
        ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་ཀར་ཁས་ལེན་གནང་ཞིང་། ཚང་མས་གཅིག་མཐུན་གྱིས་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་གདོང་གཏད་ནས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིན་གྱི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱི་མཛུབ་སྟོན་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་ཀྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་ལག་ལེན་བྱས་ཏེ། དུས་རབས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་བྱས་ནས་ལག་ལེན་གྱི་བླང་བྱ་དང་དུ་བླངས། མཐུན་སྒྲིལ་གྱིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་སེམས་ཤུགས་གཅིག་སྒྲིལ་དང་ཟོལ་མེད་འབད་འབུངས་བྱེད་པར་སྣེ་ཁྲིད་ཅིང་། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་གྱིས་ཡར་སྐུལ་ཡོང་བར་གཅིག་གྱུར་སྒོས་སྐུལ་སྤེལ་བྱས་ཏེ། གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་སྤེལ་ནས། བཅོས་བསྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་དང་མཁོ་འདོན་མ་ལག་གི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར། དེ་མིན་རྒྱལ་སྲུང་དང་དམག་དཔུང་ལ་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་བའི་ཐད་ནས་གལ་ཆེ་བའི་གོམ་པ་གསར་བ་སྤོས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སོ་སོར་གལ་ཆེ་བའི་འཕེལ་འགྱུར་གསར་པ་བྱུང་ཡོད་པར་འདོད།
        ཚང་འཛོམས་གྲོས་ཚོགས་སྟེང་ཕྱོགས་ཡོངས་ནས་གཟབ་ནན་སྒོས་ཏང་སྐྱོང་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཚད་མཐོན་པོས་གདེང་འཇོག་གནང་ཞིང་།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གིས་རང་དཔེ་གཞན་སྟོན་གྱིས་སྔོན་དུ་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་གཟབ་ནན་སྒོས་ཏང་སྐྱོང་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་དང་བསམ་བློས་ཏང་འཛུགས་པ་དང་ལམ་ལུགས་ཀྱིས་ཏང་སྐྱོང་བ་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། གཅིག་བསྡུས་སྒོས་ཏང་སྲོལ་ལེགས་བཅོས་དང་ནན་གྱིས་རུལ་སུངས་ལ་ཆད་པ་བཅད་དེ། ཏང་ནང་གི་ཆབ་སྲིད་སྐྱེ་ཁམས་གཙང་དག་བྱས་པ་དང་ཏང་ནང་གི་ཆབ་སྲིད་འཚོ་བར་གནས་སྟངས་གསར་པ་མངོན་དུ་བཅུག་ནས། ཏང་སེམས་དང་དམངས་སེམས་ཐོབ་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་གནས་སྟངས་གསར་པ་འཛུགས་སྐྲུན་བྱེད་པར་གལ་ཆེ་བའི་འགན་སྲུང་བྱས་ཡོད་པར་འདོད་ཅེས་བསྟན།
         ཚང་འཛོམས་གྲོས་ཚོགས་སྟེང་ང་ཚོའི་ཏང་གིས་ཏང་ནང་གི་ཆབ་སྲིད་འཚོ་བའི་ལོ་རྒྱུས་ཀྱི་ཉམས་མྱོང་སྤེལ་བར་སྤྱི་བསྡོམས་དང་ཕྱོགས་ཡོངས་ནས་གཟབ་ནན་སྒོས་ཏང་སྐྱོང་བར་འཕྲད་པའི་གནས་སྟངས་དང་འགན་ཁུར་ལ་དབྱེ་ཞིབ་བྱས་ནས། ཀྲུང་གོའི་བྱ་བ་ལེགས་པོར་བསྒྲུབ་དགོས་ན་གནད་འགག་ནི་ཏང་ཡིན་ལ། གནད་འགག་ནི་ཏང་གིས་ཏང་ལ་དོ་དམ་བྱེད་པ། གཟབ་ནན་སྒོས་ཏང་སྐྱོང་བ་བཅས་རེད། ཏང་གིས་ཏང་དོ་དམ་བྱ་དགོས་ན་ངེས་པར་དུ་ཏང་ནང་གི་ཆབ་སྲིད་འཚོ་བར་དོ་དམ་བྱེད་པ་ནས་མགོ་རྩོམ་དགོས་ལ། གཟབ་ནན་སྒོས་ཏང་སྐྱོང་དགོས་ན་ངེས་པར་དུ་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་ནས་འགོ་བརྩམ་དགོས། སྔར་ལས་ལེགས་པའི་སྒོ་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་ཡོད་པའི་རླབས་ཆེན་གྱི་འཐབ་རྩོད་དང་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བྱ་གཞག་གསར་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་ལ་སྐུལ་འདེད་བཏང་ནས། ཉམས་སད་ཆེན་མོ་བཞི་དང་ལེན་དང་ཉེན་ཁའི་རིགས་བཞི་སེལ་བར་ངེས་པར་དུ་གནས་བབ་གསར་པའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བའི་རྩ་འཛིན་ཞིག་གཏན་འབེབ་བྱ་དགོས་ཞེས་བསྟན།
    ཚོང་འཛོམས་གྲོས་ཚོགས་སྟེང་གནས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བར་ངེས་པར་དུ་ཏང་གི་སྒྲིག་ཡིག་རྩ་བའི་བརྩི་སྲུང་དུ་དམིགས་ནས། ཏང་གི་ཆབ་སྲིད་ལམ་ཕྱོགས་དང་བསམ་བློའི་ལམ་ཕྱོགས། རྩ་འཛུགས་ཀྱི་ལམ་ཕྱོགས། མང་ཚོགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཤུགས་ཆེན་པོས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་རྩོད་རང་བཞིན་གོང་འཕེལ་དུ་གཏོང་བ་དང་། ཤུགས་ཆེན་པོས་ཏང་རང་ཉིད་གཙང་བསྒྱུར་དང་རང་ཉིད་འཐུས་ཚང་། རང་ཉིད་གསར་བརྗེ། རང་ཉིད་ཀྱི་ནུས་ཤུགས་མཐོར་འདེགས་སུ་གཏོང་བ། ཤུགས་ཆེན་པོས་ཏང་གི་འགོ་ཁྲིད་ཀྱི་ཆུ་ཚད་དང་སྲིད་འཛིན་གྱི་ཆུ་ཚད་མཐོར་འདེགས་དང་། རུལ་སུངས་དང་ཉེ་ཁ་སྔོན་འགོག་གི་ནུས་པ་མཐོར་འདེགས་སུ་གཏོང་བ། ཤུགས་ཆེན་པོས་ཏང་ཀྲུང་དབྱང་གི་དབང་གྲགས་འགན་སྲུང་དང་ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་ཁག་འཁུར། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་བཅས་རྒྱུན་འཁྱོངས་བྱ་དགོས། འབད་པ་ཆེན་པོས་ཏང་ཡོངས་ནས་གཅིག་བསྡུས་ཡིན་ལ་དམངས་གཙོའང་ཡིན་པ། སྒྲིག་ལམ་ཡོད་ལ་རང་དབང་ཡང་ཡིན་པ། བསམ་བློ་གཅིག་གྱུར་ཡིན་ཞིང་མི་སྒེར་གྱི་སེམས་ཁམས་སྤྲོ་བའི་ཆབ་སྲིད་རྣམ་པ་ཞིག་ཆགས་སུ་འཇུག་དགོས།
        ཚང་འཛོམས་གྲོས་ཚོགས་སྟེང་གནས་བབ་གསར་པའི་འོག་ཏུ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་བྱེད་པར། གཙོ་བོར་རིམ་པ་སོ་སོའི་འགོ་ཁྲིད་སྡེ་ཁག་དང་མགོ་ཁྲིད་ལས་བྱེད་པ་ཡིན་ཞིང་། གནད་འགག་ནི་མཐོ་རིམ་ལས་བྱེད་པ་དང་ལྷག་པར་དུ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུས། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མི་སྣ་ཡིན་ལ། མཐོ་རིམ་ལས་བྱེད་པ་དང་ལྷག་པར་དུ་ཀྲུང་དབྱང་གི་འགོ་ཁྲིད་རིམ་པས་གྲུབ་པའི་མི་སྣས་ངེས་པར་དུ་རང་ཉིད་ནས་འགོ་བརྩམས་ཏེ། ཏང་གི་སྒྲིག་སྲོལ་ཚད་ལྡན་དང་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས། ཆབ་སྲིད་ཚད་ལྡན་བརྩི་སྲུང་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་དུ་བསྐྱོད་པར་རྒྱུན་འཁྱོངས་བྱེད་པ་དང་། སྔོན་ཐོན་དཔེ་ལེགས་དང་གོང་རིམ་གྱིས་འོག་རིམ་ལ་དཔེ་སྟོན་གནང་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་དཔེ་སྟོན་བྱ་དགོས་ཞེས་བསྟན།
        ཚང་འཛོམས་གྲོས་ཚོགས་སྟེང་གུང་ཁྲན་རིང་ལུགས་ཀྱི་ཕུགས་འདུན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་འདུན་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་བློའི་རོགས་འདེགས་དང་ཆབ་སྲིད་ཀྱི་རྣམ་ཤེས་ཡིན་པར་མ་ཟད། ཏང་གི་མཐུན་སྒྲིལ་གཅིག་གྱུར་གྱི་བསམ་བློའི་རྨང་གཞི་རྒྱུན་འཁྱོངས་བྱེད་པ་ཡིན་ཞིང་། ངེས་པར་དུ་ཕུགས་འདུན་གྱི་ཡིད་རྟོན་དེ་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་འོས་འགན་གཙོ་བོར་བྱས་ཏེ། ཏང་ཡོངས་ཀྱི་བློ་མཐུན་གྱིས་ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་ཡིད་རྟོན་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ཀྱི་ཡིད་རྟོན་དེ་མཐར་ཐུག་གི་འཚོལ་སྙེག་དུ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་རང་ལ་ཡིད་རྟོན་བྱེད་པདང་། གཞུང་ལུགས་ཀྱི་ཡིད་ཆེས། སྒྲིག་སྲོལ་གྱི་ཡིད་ཆེས། རིག་གནས་ཀྱི་ཡིད་ཆེས་བཅས་སྲ་བརྟན་དུ་གཏང་དགོས། འགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་མཐོ་རིམ་ལས་བྱེད་པས་དངོས་ཡོད་ཀྱི་བྱེད་སྟངས་ཀྱིས་ཏང་ཡོན་དང་མང་ཚོགས་ལ་ཕུགས་འདུན་གྱི་ཡིད་རྟོན་གྱི་སྟོབས་ཤུགས་མྱོང་དུ་འཇུག་དགོས་པ་དང་། ཏང་ཡོངས་ཀྱིས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་མར་ཁེ་སིའི་རིང་ལུགས་ཀྱི་མཛུབ་སྟོན་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་གཞུང་ལུགས་ལ་ཤུགས་བསྣན་ཏེ། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། ཁྱད་པར་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་རང་འགུལ་སྒོས་སློབ་སྦྱོང་ལ་དམ་འཛིན་བྱས་ནས། ཏང་གཤིས་གསོ་སྦྱོང་བྱེད་པར་ཤུགས་བསྣོན་དགོས་པའི་བླང་བྱ་བཏོན།
        ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རྩ་བའི་ལམ་ཕྱོགས་ནི་ཏང་དང་རྒྱལ་ཁབ་ཀྱི་གནས་འགག་གི་ཚད་ཐིག་དང་མི་དམངས་ཀྱི་བདེ་སྐྱིད་ཚད་ཐིག་ཀྱང་ཡིན་པར་མ་ཟད། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རྒྱུན་ལྡན་ངང་སྤེལ་བའི་རྩ་བའི་འགན་སྲུང་ཡང་ཡིན་པས། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་གི་རྩ་བའི་ལམ་ཕྱོགས་ལག་ལེན་མཐར་ཕྱིན་བཟང་བོ་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་གྱི་བྱ་བ་དཀྱིལ་སྙིང་དུ་བཟུང་བ་དང་བསྟུན་ནས་གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས་དང་། བཅོས་བསྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱེད་པ་བཅས་རྩ་བའི་གནད་གཉིས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་བསྐྱར་དར་ཆེན་པོའི་ཁྲོད་འབྲེལ་བར་བྱས་ནས་དུས་ནམ་ཡང་འགྱུར་བ་མེད་པར་བྱ་དགོས་པ་དང་། ཏང་ཡོངས་ནས་ངེས་པར་དུ་བསམ་བློ་གཅིག་བསྡུས་སྒོས་ཏང་གིས་སྲིད་བཟུང་ནས་རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་ལས་འགན་དམ་འཛིན་བྱ་དགོས་པ་དང་། གཞི་རྩའི་རྩ་དོན་བཞི་རྒྱུན་འཁྱོངས་བྱ་དགོས་པའི་རྩ་བ་ནི་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག དེ་མིན་ཀྲུང་གོའི་ཁྱད་ཆོས་ལྡནཔའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་རིག་གནས་རྒྱུན་འཁྱོངས་བྱ་དགོས་པ་དང་། དེ་མིན་ངེས་པར་དུ་གཞུང་ལུགས་གསར་བསྐྲུན་དང་། ལག་ལེན་གསར་བསྐྲུན། ལམ་ལུགས་གསར་བསྐྲུན་དང་རིག་གནས་གསར་བསྐྲུན། དེ་མིན་ཕྱོགས་གཞན་དག་སོ་སོ་ནས་གསར་བསྐྲུན་བྱེད་པར་སྐུལ་འདེད་གཏོང་ཕོད་པ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྒྱལ་ཁབ་ཀྱི་རྩ་བའི་ཇུས་ཆོད་རྒྱུན་འཁྱོངས་བྱེད་པ་བཅས་བློ་བརྟན་འགྱུར་མེད་སྒོས་ལག་ལེན་བཟང་བོ་བྱ་དགོས་ལ། ངེས་པར་དུ་ཏང་གི་བསམ་བློའི་ལམ་ཕྱོགས་དེ་ཏང་གི་རྩ་བའི་ལམ་ཕྱོགས་ལག་བསྟར་བྱེད་པའི་གོ་རིམ་ཡོངས་ལ་འབྲེལ་བར་བྱས་ཏེ་ལག་ལེན་ཁྲོད་གནས་ལུགས་ལ་ཉམས་ཞིབ་དང་བདེན་ལུགས་འཕེལ་རྒྱས་སུ་གཏང་དགོས་ལ། མུ་མཐུད་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏང་དགོས། ལས་བྱེད་པར་རྟོག་ཞིབ་དང་ནང་སྒོས་སུ་མཐོ་རིམ་ལས་བྱེད་པར་ངེས་པར་དུ་ཐོག་མར་བློ་བརྟན་འགྱུར་མེད་སྒོས་ཏང་གི་རྩ་བའི་ལམ་ཕྱོགས་ལག་ལེན་བྱེད་བཞིན་ཡོད་མེད་ལ་བལྟ་དགོས། ཏང་ཡོན་དང་ལས་བྱེད་པ། ནས་སྒོས་སུ་མཐོ་རིམ་ལས་བྱེད་པས་དོན་དག་ཆེ་མ་ཆུང་གསུམ་གྱི་མདུན་དུ་རྣམ་འགྱུར་འགྱུར་མི་རུང་བ་དང་ཆབ་སྲིད་ཀྱི་རྩ་བའི་ལངས་ཕྱོགས་ལ་འགྱུར་བ་འབྱུང་མི་རུང་བ་མ་ཟད། ནོར་འཁྲུལ་གླེང་ཕྱོགས་ཀྱིས་རང་ཚུགས་མེད་པར་འགྱུར་མི་རུང་བར་བསྟན།
        ཚང་འཛོམ་ས་གྲོས་ཚོགས་སྟེང་ཏང་ཀྲུང་དབྱང་གི་དབང་གྲགས་ལ་འགན་སྲུང་དང་ཏང་ལ་ཚོད་འཛིན་འགན་སྲུང་བྱེད་པ་ནི་ཏང་དང་རྒྱབ་ཁབ་ཀྱི་མ་འོངས་མདུན་ལྗོངས་ལ་འབྲེལ་ཡོད་པ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཡང་འབྲེལ་ཡོད། དེ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་དམིགས་ཡུལ་གཙོ་བོར་ཤུགས་བསྣོན་པའང་ཡིན་པ་རེད། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་ན་ཐོག་མར་ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་བྱ་དགོས་པ་དང་། རྒྱལ་ཁབ་གཅིག་དང་སྲིད་ཏང་གཅིག འགོ་ཁྲིད་སྲོག་ཤིང་བཅས་ནི་ཧ་ཅང་གལ་འགངས་ཆེ་བ་དང་། ཏང་ཡོངས་ནས་ངེས་པར་དུ་རང་འགུལ་སྒོས་བསམ་བློའི་ཆབ་སྲིད་དང་འགུལ་སྐྱོད་སྟེང་ཏང་ཀྲུང་དབྱང་ལ་ཚད་མཐོ་བའི་གཅིག་གྱུར་ཡོང་བར་བྱ་དགོས། ཏང་གི་རིམ་པ་སོ་སོའི་རྩ་འཛུགས་དང་ཏང་ཡོངས། ནང་སྒོས་སུ་མཐོ་རིམ་ལས་བྱེད་པས་ཏང་ཀྲུང་དབྱང་དང་མཐོ་ཚད་གཅིག་ལ་བསྙེགས་ནས། ཏང་གི་གཞུང་ལུགས་དང་ལམ་ཕྱོགས་སྲིད་ཇུས་དང་གཅིག་མཐུན་ཡོང་བར་བྱེད་དགོས་ལ། ཏང་ཀྲུང་དབྱང་གིས་འདོན་སྐུལ་བྱས་པ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་པར་ལག་བསྟར་ནན་མོ་བྱས་པ་ལ་བརྟེན་ནས་ཏང་ཀྲུང་དབྱང་གིས་གཏན་འགོག་བྱས་པའི་བྱ་བ་གཏན་ནས་མི་སྒྲུབ་པར་བྱ་དགོས་པར་བསྟན།
        ཚང་འཛོམ་གྲོས་ཚོགས་སྟེང་གཟབ་ནན་གྱི་སྒྲིག་ཁྲིམས་ནི་ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་འགུལ་སྐྱོད་གཅིག་གྱུར། གོམ་སྟབས་གཅིག་གྱུར་སྒོས་མདུན་དུ་བསྐྱོད་བྱེད་ཀྱི་འགན་སྲུང་གཙོ་བོ་ཡིན་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་དོན་གཙོ་བོའང་ཡིན་པས། ངེས་པར་དུ་ཏང་གི་སྒྲིག་ཁྲིམས་གཟབ་ནན་བྱ་དགོས་པ་དང་། གཟབ་ནན་གྱི་སྒྲིག་ཁྲིམས་ནི་བྱ་གཞག་གལ་ཆེན་ཞིག་ཏུ་བཞག་ནས་ཏང་གཟབ་ནན་གྱིས་སྐྱོང་དགོས་ལ། སྒྲིག་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ་དང་། སྒྲིག་ཁྲིམས་བརྩི་སྲུང་ལ་ཁྱད་དམིགས་ཀྱི་ཁེ་དབང་མེད་པ། སྒྲིག་ཁྲིམས་ལག་བསྟར་ལ་དམིགས་བསལ་མེད་པར་བྱས་ནས། ཏང་ནང་ཁུལ་དུ་སྒྲིག་ཁྲིམས་ཀྱི་ཚད་བཀག་མེད་པའི་དམིགས་བསལ་གྱི་རྩ་འཛུགས་དང་དམིགས་བསལ་ཏང་ཡོན་གཏན་ནས་ཡོད་མི་ཆོག་ལ། ཏང་གི་རིམ་པ་སོ་སོའི་རྩ་འཛུགས་དང་ཏང་ཡོན་ཡོངས་ནི་ངེས་པར་དུ་ཏང་ལ་བློ་དཀར་ཞིང་གཡོ་ལྷད་མེད་པ་ཞིག་ཡིན་དགོས་ཤིང་། སྐད་ཆ་དྲང་མོར་བཤད་པ་དང་བྱ་བ་དངོས་སྒྲུབ་བྱེད་པ། མི་གཞུང་དྲང་ཞིག་བྱེད་པ་དང་ཏང་ལ་གནས་ཚུལ་ངོ་མ་ཡར་ཞུ་བྱས་ནས་ངོ་གཉིས་ཕྱོགས་ཁག་ལ་ངོ་རྒོལ་བྱ་དགོས་ཤིང་། རྫུན་བཟོ་དང་རྫུན་ཞུ་འུད་སྒྲོག་ལ་ངོ་རྒོལ་དང་། དོན་དངོས་སྦ་གསང་བྱེད་པ་དང་གཏམ་བཟང་བསྒྲགས་པ་ལས་གཏམ་ངན་མི་སྒྲོགས་པའི་གནས་ཚུལ་ལ་ངོ་རྒོལ་བྱེད་པ། འགོ་ཁྲིད་ལས་ཁུངས་དང་འགོ་ཁྲིད་ལས་བྱེད་པས་གནས་ལུགས་དང་མིང་རྟགས་གང་རུང་སྤྱད་ནས་འོག་རིམ་ལ་རྫུན་གཏམ་བཤད་པར་ངན་སྐུལ་བྱེད་མི་རུང་ལ། ཏང་ནང་ཁུལ་དུ་ཕན་ཚུན་བར་འབྲེལ་བ་ཡང་དག་མི་འཛིན་པ་དང་ཕན་ཚུན་ངོ་དགའ་སོགས་བྱས་མི་ཆོག་ལ། འགོ་ཁྲིད་པའི་དྲིལ་སྒྲོག་གི་ཐད་ནས་དངོས་ཐོག་བདེན་འཚོལ་ཡིན་དགོས་པ་ལས་འུད་སྒྲོག་བྱས་མི་ཆོག ཏང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་ངེས་པར་དུ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་སྲོལ་ལག་བསྟར་ཐད་ནས་སྲུང་སྐྱོབ་བྱེད་པའི་འགན་འཁྲི་དང་དུ་ལེན་དགོས་ལ། སྒྲིག་ཁྲིམས་ལག་བསྟར་ཐད་ནས་ལྷོད་གཡེང་གི་གནད་དོན་འབྱུང་བར་རྩ་བ་ནས་སྔོན་འགོག་བྱ་དགོས་པ་བསྟན།
        ཚང་འཛོམས་གྲོས་ཚོགས་སྟེང་ང་ཚོའི་ཏང་ནི་མི་དམངས་ལས་བྱུང་བ་ཡིན་པས། མི་དམངས་ཀྱི་སྲུང་སྐྱོབ་དང་རྒྱབ་སྐྱོར་མེད་ན། ཏང་གི་གཞི་རྩ་མེད་སོང་བ་ཡིན་པས། ངེས་པར་དུ་ལྷག་བསམ་རྣམ་དག་སྒོས་མི་དམངས་ལ་ཞབས་ཞུ་བསྒྲུབ་པའི་རྩ་དོན་རྒྱུན་འཁྱོངས་དང་། ཏང་དང་མི་དམངས་མང་ཚོགས་ཀྱི་འབྲེལ་བ་ཟབ་མོ་ནི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚུལ་ལྡན་དུ་གཏོང་བའི་རྩ་བའི་རེ་འདུན་དུ་འཇོག་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་གང་ལེགས་བྱས་ནས། མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་དང་དཀའ་ངལ་ཡོད་པའི་བྱ་བ་ཐག་བཅད་ནས། མི་དམངས་ཀྱི་སྤྱི་ཞབས་པ་བཟང་བོ་ཞིག་བྱ་དགོས། ཆབ་སྲིད་ཀྱི་སྲིད་ཇུས་ཀྱི་འདོད་བློ་དང་བསྟུན་པ་དང་། དམངས་ཀྱི་དགོས་མཁོ་དང་བསྟུན་པ། དམངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་པའི་བྱ་བ་རྒྱུན་འཁྱོངས་བྱ་དགོས་པ་ལས། མང་ཚོགས་ཀྱི་མདུན་དུ་ང་རྒྱལ་ཁེངས་དྲག་གཏན་ནས་བྱས་མི་ཆོག་པ་དང་། དཔོན་གནས་སུ་ཡོད་མཁན་གྱིས་མང་ཚོགས་ཀྱི་དཀའ་སྡུག་ལ་མཐོང་ཆུང་གཏན་ནས་བྱས་མི་ཆོག་ལ། ལྷག་པར་དུ་མང་ཚོགས་ལ་གཉའ་གནོན་དང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ་ཡོད་པའི་བྱ་བ་གཏན་ནས་སྒྲུབ་མི་ཆོག ངེས་པར་དུ་བྱེད་སྟངས་རིང་ལུགས་དང་དཔོན་ཉམས་རིང་ལུགས། ལོངས་སྤྱོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྤྱོད་སྟངས་ལ་ངོ་རྒོལ་བྱ་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་གཞི་རིམ་འཚོ་བར་ཞུགས་པ་དང་མང་ཚོགས་ཁྲོད་ཞུགས་དགོས་ལ། ཆ་རྐྱེན་ཞན་པ་དང་གནས་ཚུལ་རྙོག་འཛིང་ཡིན་པ། འགལ་བ་འབུར་ཐོན་ཡིན་པའི་ས་གནས་སུ་ཐེངས་མང་པོར་སོང་ནས་གནད་དོན་ཐག་གིས་བཅད་ནས། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་དཀའ་ངལ་སེལ་དགོས། མང་ཚོགས་ལ་གནོད་པ་ཡོད་པའི་སྣང་བརྙན་བཟོ་སྐྲུན་དང་ཆབ་སྲིད་གྲུབ་འབྲས་བཟོ་སྐྲུན་གྱི་བྱ་སྤྱོད་ལ་གཟབ་ནན་སྒོས་འགན་འཁྲི་འདྲི་གཅོད་བྱས་ནས་ཁྲིམས་ལྟར་ཐག་གཅོད་དགོས་ཞེས་བསྟན།
        ཚང་འཛོམས་གྲོས་ཚོགས་སྟེང་དམངས་གཙོའི་གཅིག་སྡུད་ལམ་ལུགས་ནི་ཏང་གི་གཞི་རྩའི་རྩ་འཛུགས་ཀྱི་རྩ་དོན་ཡིན་ལ། ཏང་ནང་གི་ཆབ་སྲིད་འཚོ་བ་རྒྱུན་ལྡན་ངང་སྤེལ་བའི་ལམ་ལུགས་ཀྱི་ཁག་ཐེག་གལ་ཆེན་ཞིག་ཀྱང་ཡིན། ཐུན་མོང་འགོ་ཁྲིད་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་མགོ་ཁྲིད་དང་སྒེར་གྱི་ལས་བགོས་འགན་ཁུར་བ་གཉིས་ཟུང་འབྲེལ་སྒོས་ལག་བསྟར་བྱས་པ་ནི་དམངས་གཙོའི་གཅིག་སྡུད་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་ཐོག་མཐའ་བར་གསུམ་དུ་ངེས་པར་རྒྱུན་འཁྱོངས་བྱ་དགོས་ལ། རྩ་འཛུགས་དང་མི་སྒེར་གང་རུང་གིས་གནས་ཚུལ་གང་འདྲ་འོག་ཏུ་རྒྱུ་རྐྱེན་གང་རུང་གིས་ལམ་ལུགས་འདི་དང་འགལ་མི་ཆོག རིམ་པ་སོ་སོའི་ཏང་ཨུས་ངེས་པར་དུ་ཐུན་མོང་མགོ་ཁྲིད་ལམ་ལུགས་རྒྱུན་འཁྱོངས་བྱ་དགོས་པ་དང་། འགོ་ཁྲིད་ཚན་ཁག་གི་ཁོངས་མི་ལ་ངེས་པར་དུ་ཁྱོན་ཡོངས་ཀྱི་འདུ་ཤེས་དང་འགན་ཁུར་གྱི་འདུ་ཤེས་ལྡན་དགོས་ལ། ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ་དག་གིས་ངེས་པར་དུ་དམངས་གཙོ་དར་སྤེལ་དང་། གཅིག་སྡུད་བྱེད་མཁས་པ། འགན་ཁུར་ཕོད་དགོས། མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ངེས་པར་དུ་ཏང་རྩ་འཛུགས་ཀྱི་ཐག་གཅོད་ལག་བསྟར་བྱ་དགོས་ཞེས་བསྟན།
        ཚང་འཛོམས་གྲོས་ཚོགས་སྟེང་ཏང་ནང་གི་དམངས་གཙོ་ནི་ཏང་གི་ཚེ་སྲོག་ཡིན་ལ། ཏང་ནང་གི་ཆབ་སྲིད་འཚོ་བ་བདེ་ཐང་ཡོང་བའི་རྨང་གཞི་གལ་ཆེན་ཡིན། ཏང་ནང་གི་ཐབས་ཇུས་དང་ལག་བསྟར། ལྟ་རྟོག་སོགས་ཀྱི་བྱ་བར་ངེས་པར་དུ་ཏང་གི་སྒྲིག་སྲོལ་དུ་གཏན་ཁེལ་བྱས་པའི་དམངས་གཙོའི་རྩ་དོན་གྱི་གོ་རིམ་ལག་བསྟར་བྱ་དགོས་པ་ལས། ཏང་རྩ་འཛུགས་དང་མི་སྒེར་སུས་ཀྱང་ཏང་ནང་གི་དམངས་གཙོའི་མགོ་གནོན་པ་དང་། ཏང་ནང་གི་དམངས་གཙོར་གཏོར་བརླག་བཏང་མི་ཆོག ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཏང་གི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གིས་ཇུས་ཆོད་གལ་ཆེན་བཀོད་སྒྲིག་བྱེད་དུས། ངེས་པར་བརྟག་དཔྱད་ཞིབ་འཇུག་དཔྱིས་ཕྱིན་དང་ཕྱོགས་སོ་སོའི་བསམ་འཆར་ལ་རྒྱ་ཁྱབ་ཏུ་ཉན་དགོས། ངེས་པར་དུ་ཏང་ཡོན་གྱི་སྲོག་ཤིང་གོ་གནས་ལ་བརྩི་བཀུར་དང་ཏང་ཡོན་གྱི་དམངས་གཙོའི་ཁེ་དབང་ལ་ཁག་ཐེག ཏང་ཡོན་གྱི་གནས་ཚུལ་ཤེས་རྟོགས་དབང་ཆ། ནང་ཞུགས་དབང་ཆ། འདེམ་བསྐོའི་དབང་ཆ། ལྟ་རྟོག་དབང་ཆ་བཅས་ལག་ལེན་དུ་བསྟར་ཏེ། ཏང་ཡོན་ཡོངས་ཀྱིས་ཏང་གི་སྒྲིག་སྲོལ་ལས་གཏན་ཁེལ་བྱས་པའི་ཏང་ཡོན་གྱི་དབང་ཆ་འདྲ་མཉམ་གྱིས་ལོངས་སུ་སྤྱོད་པ་དང་ཏང་གི་སྒྲིག་སྲོལ་གྱིས་གཏན་ཁེལ་བྱས་པའི་ཏང་ཡོན་གྱི་འོས་འགན་ལག་ཏུ་བསྟར་བར་ཁག་ཐེག་བྱ་དགོས། ཏང་ཡོན་རྣམས་ཏང་ནང་གི་གོ་དོན་དག་ལ་བགྲོ་གླེང་བྱེད་པར་ཞུགས་པའི་བགྲོད་ལམ་ཇེ་ཡངས་དང་། ཏང་ཡོན་གྱིས་བསམ་འཆར་འདོན་གནས་ཇེ་ཡངས་སུ་བཏང་སྟེ་ཏང་ནང་གི་དམངས་གཙོའི་བགྲོ་གླེང་གི་ཆབ་སྲིད་ཁ་དབུགས་བསྐྲུན་དགོས། ཏང་ཡོན་གྱིས་ཏང་ལ་འགན་ཁུར་ཏེ་ཏང་ནང་གི་རྩ་འཛུགས་གང་རུང་དང་ཏང་ཡོན་གང་རུང་གིས་སྒྲིག་འགལ་ཁྲིམས་འགལ་གྱི་དོན་བསྒྲུབས་པར་ཐེར་འདོན་དང་ཉེས་འདོན་བྱེད་པའི་དབང་ཆ་ཡོད་ལ། མིང་ངོ་མས་ཐེར་འདོན་གོང་ཞུ་བྱེད་པ་དར་སྤེལ་དུ་གཏང་དགོས་ཞེས་བསྟན།
        ཚང་འཛོམས་གྲོས་ཚོགས་སྟེང་མི་སྣ་འདེམས་པ་དང་བཀོལ་སྤྱོད་ཡང་དག་བྱེད་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་ནི་ཏང་ནང་གི་ཆབ་སྲིད་འཚོ་བ་ནན་ཏན་དུ་གཏོང་བའི་རྩ་འཛུགས་ཀྱི་ཁག་ཐེག་ཡིན། ལས་བྱེད་པ་འདེམས་པ་དང་བསྐོ་བཞག་བྱེད་པར་ངེས་པར་དུ་སྤྱོད་ཡོན་གཉིས་ལྡན་དང་སྤྱོད་བཟང་སྔོན་དུ་འདེམས་པ་རྒྱུན་འཁྱོངས་བྱ་དགོས། ཕྱོགས་བཞི་མཚམས་བརྒྱད་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་ཁོ་ན་བསྐོ་བཞག་བྱེད་པར་རྒྱུན་འཁྱོངས་བྱ་དགོས།དད་མོས་བརྟན་ལ། མི་དམངས་ལ་ཞབས་འདེགས་བྱེད་པ། སྲིད་བརྩོན་དངོས་གཉེར། འོས་འགན་ཐེག་པ། སྲིད་གཙང་སྤྱོད་གཙང་གི་ལས་བྱེད་བཟང་པོའི་ཚད་གཞི་རྒྱུན་འཁྱོངས་བྱེད་དགོས། ཏང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་ངེས་པར་དུ་རང་རྟོག་སྒོས་མི་བཀོལ་སྤྱོད་ཐད་ཀྱི་ངན་གཤིས་དང་ཕྱོགས་ལྷུང་སྣ་ཚོགས་སྔོན་འགོག་དང་ཡོ་བསྲང་བྱེད་དགོས། ཏང་གི་རིམ་པ་སོ་སོའི་རྩ་འཛུགས་ཀྱིས་དར་ཆ་གསལ་ལ་འོས་འགན་ཐེག་པའི་ལས་བྱེད་པ་དང་འགན་ཁུར་དང་དུ་ལེན་ཐུབ་པའི་ལས་བྱེད་པར་འགྱུར་བར་འབད་བརྩོན་བྱེད་དགོས། དཔོན་གནས་ལྐོག་ལེན་དང་ལྐོག་འཚོང་། སྒོར་མོས་འདེམ་ཤོག་ཉོ་བ་སོགས་སྤྱོད་པ་གཏན་འགོག་བྱེད་པ་དང་། ཏང་ནང་དུ་ལས་གནས་སློང་བ་དང་། མཚན་སྙན་སློང་བ། དམིགས་བསལ་ལྟ་སྐྱོང་སློང་བའི་སྤྱོད་པ་གཏན་འགོག་བྱེད་དགོས། དེ་མིན་ཏང་རྩ་འཛུགས་ཀྱི་ཁ་ལན་མི་བརྩི་བ་དང་ཐག་གཅོད་ཀྱི་བཀའ་བཀོད་དང་ལེན་མི་བྱེད་པའི་སྤྱོད་པ་གཏན་འགོག་བྱ་དགོས། མི་སུ་ཡིན་རུང་ཏང་གི་ལས་བྱེད་པས་སྒེར་གྱི་རྒྱུ་དངོས་བཟུང་མི་ཆོག་པ་དང་། ཏང་ནང་དུ་ཉེ་འབྲེལ་གཅིག་རྟེན་གྱི་འབྲེལ་བ་འཛིན་མི་ཆོག ཏང་ནང་གི་བློ་མཐུན་བར་ནས་སྒྲིག་བཀོད་དང་འཚམས་པའི་དག་གཙང་གི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས། མགོ་ཁྲིད་ལས་བྱེད་པས་ཏང་ཡོན་ལ་གང་འདོད་འདོད་བྱེད་མི་ཆོག ཏང་ཡོན་རྣམ་པས་ཀྱང་མགོ་ཁྲིད་ལས་བྱེད་པར་ངོ་དགའ་སྤྲེད་ལད་བྱས་མི་ཆོག གོལ་འཛོལ་གུ་ཡངས་དང་ཡོ་བསྲང་བྱེད་པའི་སྒྲིག་རྐྱེན་བཙུགས་ཏེ། ལས་བྱེད་པས་བྱ་བའི་ཁྲོད་དང་ལྷག་པར་དུ་བཅོས་བསྒྱུར་གསར་སྐྲུན་ཁྲོད་དུ་གོལ་འཛོལ་བྱུང་བར་གུ་ཡངས་གཏང་དགོས་ཞེས་བསྟན།
        ཚང་འཛོམས་གྲོས་ཚོགས་སྟེང་ཏང་རྩ་འཛུགས་ཀྱི་འཚོ་བ་ནི་ཏང་གི་ཆབ་སྲིད་འཚོ་བའི་ནང་དོན་དང་སྟེགས་བུ་གལ་ཆེན་ཞིག་ཡིན་པར་མ་ཟད། ཏང་རྩ་འཛུགས་ཀྱིས་ཏང་ཡོན་རྣམས་ལ་སློབ་གསོའི་དོ་དམ་ལྟ་རྟོག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ངེས་པར་དུ་ཏང་རྩ་འཛུགས་ཀྱི་འཚོ་བའི་ལམ་ལུགས་སོ་སོ་དང་གསར་སྐྲུན་བྱེད་ཐབས། བྱ་བའི་བྱེད་ཕྱོགས། ཏང་རྩ་འཛུགས་ཀྱི་འཚོ་བའི་གསོན་ཤུགས་མཐོར་འདེགས་སུ་གཏོང་བ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཏང་ཡོན་ཐམས་ཅད་དང་ལས་བྱེད་པ་། ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་ཏང་གི་འདུ་ཤེས་མཐོར་འདེགས་སུ་གཏོང་པ་དང་། དུས་ནམ་ཡིན་ཡང་རང་ཉིད་ཀྱི་ཐོབ་ཐང་ཏང་ཡོན་ཡིན་པ་སེམས་སུ་བརྟན་པོར་འཛིན་དགོས། ཚོགས་གསུམ་བསླབ་གཅིག་ལམ་ལུགས་རྒྱུན་འཁྱོངས་བྱ་དགོས། དམངས་གཙོ་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་འཚོ་བའི་ཚོགས་འདུ། སེམས་མཐུན་ཁ་བརྡའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཡོན་དམངས་གཙོའི་དཔྱད་འཇོག་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་རྩ་འཛུགས་འདུ་ཤེས་སྲ་བརྟན་དུ་བཏང་ནས་བྱ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་དང་མི་སྒེར་དང་འབྲེལ་བ་ཡོད་པའི་བྱ་བ་དག་ངེས་པར་དུ་སྒྲིག་རིམ་ལྟར་དུ་རྩ་འཛུགས་ལ་མཛུབ་སྟོན་སྙན་ཞུ་འབུལ་དགོས་བར་བསྟན།
        ཚང་འཛོམས་གྲོས་ཚོགས་སྟེང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་ནི་ང་ཚོའི་ཏང་སྟོབས་ལྡན་དུ་གཏོང་བ་དང་བདེ་ཐང་ཡོང་བའི་མཚོན་ཆ་དྲག་པོ་ཞིག་ཡིན་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་ཐད་ལ་ཤུགས་སྣོན་དང་ཚད་ལྡན་དུ་བསྒྱུར་བའི་བྱེད་ཐབས་ཞིག་ཀྱང་ཡིན། དེ་མིན་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་ལག་ཆ་བཟང་པོ་འདི་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་ངེས་པར་དུ་དངོས་ཐོག་བདེན་འཚོལ་ཡིན་དགོས་ལ། ཏང་གཤིས་བརྗོད་པ་དང་རང་དོན་མི་བརྗོད་པ། བདེན་ལུགས་བརྗོད་པ་དང་ཁ་ངོ་མི་བརྗོད་པ་ཞིག་ཡིན་དགོས། ཏང་ཡོན་དང་ལས་བྱེད་པས་ངེས་པར་དུ་རང་ཉིད་ལ་ཞིབ་དཔྱད་ནན་མོ་བྱས་ཏེ། གནད་དོན་བྱུང་ཚེ་དེའི་འབྱུང་བའི་རྒྱུ་རྐྱེན་ལ་གཏིང་ཟབ་པའི་ཞིབ་དཔྱད་དང་བཅོས་བསྒྱུར་བྱ་དགོས། ཏང་གི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པའི་བསམ་འཆར་མི་མཐུན་པའི་རིགས་ལ་ངེས་པར་དུ་ཉན་དགོས་པ་མ་ཟད། ལྷག་པར་དུ་མགོ་ཁྲིད་ལས་བྱེད་པ་དང་མཐོ་རིམ་ལས་བྱེད་པས་ངེས་པར་དུ་སྣེ་ཁྲིད་དེ་བདེན་ལུགས་བརྗོད་དགོས་ཞེས་བསྟན།
        ཚང་འཛོམས་གྲོས་ཚོགས་སྟེང་ལྟ་སྐུལ་ནི་དབང་ཆ་ཡང་དག་པར་འཁོར་བསྐྱོད་བྱེད་པའི་གཞི་རྩའི་ཁག་ཐེག་ཡིན་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་ཅད་དུ་སྒྱུར་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། མགོ་ཁྲིད་ལས་བྱེད་པ་ལ་ལྟ་སྐུལ་ཤུགས་སྣོན་བྱས་ཏེ་ཏང་ནང་ཁུལ་དུ་ཚད་བརྒལ་གྱི་དབང་ཆ་དང་དམིགས་བསལ་ཏང་ཡོན་ལ་ལྟ་སྐུལ་མེད་པ་ཞིག་གཏན་ནས་བྱེད་མི་ཆོག དབང་ཆའི་འཁོར་བསྐྱོད་ཚད་བཀག་དང་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དབང་ཆ་ཡོད་ན་འགན་ཁུར་ཡོད་པ་དང་། དབང་ཆ་བཀོལ་ན་འགན་ཁུར་ཕྲག་ཏུ་ལེན་དགོས། དབང་ཆ་གང་འདོད་དུ་སྤྱད་ན་རྩད་གཅོད་བྱེད་པའི་ལམ་ལུགས་བཀོད་སྒྲིག་བྱ་དགོས། དེ་མིན་ཏང་གི་རིམ་པ་སོ་སོའི་རྩ་འཛུགས་དང་མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་རྩ་ཁྲིམས་ཀྱི་ཁྱབ་ཁོངས་སུ་བྱ་བ་བསྒྲུབ་དགོས་པ་དང་། གཏམ་བཤད་ཀྱི་ཁྲིམས་ལུགས་ཀྱི་དབང་ཆའི་ཚབ་བྱེད་མི་རུང་ལ། དབང་ཆ་ལ་བརྟེན་ནས་ཁྲིམས་ལུགས་བསྣོན་པ་དང་སྒེར་དོན་དུ་བཀོལ་བ་གཏན་འགོག་བྱ་དགོས། སྒྲིག་འགལ་ཁྲིམས་འགལ་དང་འབྲེལ་ཡོད་ཀྱི་སྤྱོད་ངན་གོང་ཞུ་བྱས་ཏེ། ཏང་ཡོན་ལ་བཏོན་པའི་གནད་དོན་དེ་ཏང་གི་རྩ་འཛུགས་གང་རུང་དང་མགོ་ཁྲིད་ལས་བྱེད་པའི་སྦས་བསྐུང་དང་ལས་སྒྲུབ་ཐད་ནས་འགོར་འགྱངས་བྱས་མི་ཆོག མགོ་ཁྲིད་ལས་བྱེད་པར་འཕྲད་པའི་གནད་དོན་དག་རྩ་འཛུགས་ཀྱིས་བརྟག་དཔྱད་བྱེད་དུས་གཡོལ་ཏེ་ཐེ་གཏོགས་དང་ཐེ་ཇུས་བྱེད་མི་རུང་བ་བཅས་བསྟན་ཡོད།
        ཚང་འཛོམས་གྲོས་ཚོགས་སྟེང་སྤྱོད་གཙང་གི་ཆབ་སྲིད་འཛུགས་སྐྲུན་བྱས་ཏེ་རུལ་སུངས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ནི། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་སྒྱུར་བའི་ལས་འགན་གལ་ཆེན་ཞིག་ཡིན། དེ་མིན་རུལ་སུངས་ལ་རྒོལ་བའི་བསམ་བློ་དང་ལམ་ལུགས་ཀྱི་ཚད་ཐིག་ཅིག་བརྟན་པོར་བཙུགས་ནས། རུལ་སུངས་ལ་འགྱུར་མི་རུང་བ་དང་སྒྱུར་མི་རུང་བ། མི་འགྱུར་བའི་ལམ་ལུགས་དང་ལམ་སྲོལ་ཞིག་ཧུར་ཐག་གི་སྒྲིག་འཛུགས་བྱ་དགོས། མགོ་ཁྲིད་ལས་བྱེད་པ་དང་ནང་སྒོས་སུ་མཐོ་རིམ་ལས་བྱེད་པས་ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བར་སྣེ་ཁྲིད་དང་ལག་ལེན་བྱས་ཏེ། བློ་སྦྱོང་དང་ཀུན་སྤྱོད། ཡིད་རྟོན་དང་ངོ་ཚ། ཁྲེལ་ཡོད་པར་བྱས་ཏེ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་ནི་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་ལ། ཁྱད་དམིགས་ཅན་གྱི་དབང་ཆ་ཞིག་གཏན་ནས་བཟོ་མི་ཆོག་པ་དང་ལག་ལེན་སྤྱོད་གཙང་ཐད་ལ་སྣེ་ཁྲིད་དེ་ཚད་གཞི་འཛིན་དགོས། དེ་མིན་ད་དུང་རང་རྟོགས་ཀྱིས་ངང་ནས་དབང་ཆ་ཁྱད་དམིགས་ཅན་གྱི་བསམ་བློ་དང་སྣང་ཚུལ་ལ་འཐབ་རྩོད་བྱས་ཏེ། ཁྱིམ་ཚང་དང་ཁྱིང་ཚང་སློབ་གསོ། ཁྱིམ་ཚང་གི་སྤྱོད་པ་དང་སློབ་གསོ་ལ་བརྟེན་ནས་རང་གི་གཉེན་ཉེ་དུ་དང་རང་ཉིད་མཐའ་འཁོར་གྱི་ལས་བྱེད་པ་ལ་དོ་དམ་ལེགས་པོ་བྱེད་དགོས། ད་རུང་ལས་གནས་ཀྱི་དབང་ཆ་དང་ཤུགས་རྐྱེན་ལ་བརྟེན་ནས་གཉེན་ཉེ་དང་གྲོགས་པོ་ལ་དམིགས་བསལ་གྱི་ལྟ་སྐྱོང་བྱེད་མི་རུང་བ་ཡིན།མགོ་ཁྲིད་ལས་བྱེད་པའི་ཁྱིམ་མིས་མགོ་ཁྲིད་ལས་བྱེད་པའི་འགན་དབང་ཁྱབ་ཁོངས་ཁྲོད་ཀྱི་བྱ་བ་དང་མི་དོན་ལ་བཀོད་སྒྲིག་དང་ཐེ་གཏོགས་བྱས་མི་ཆོག རུལ་སུངས་དང་རྒྱུ་ནོར་ཧམ་ཟ་བྱེད་པ་ལ་ངོ་རྒོལ་དང་། བཀག་སྡོམ་ས་ཁུལ་མེད་པ་དང་ཕྱོགས་ཡོངས་ཁེབས་པ། བཟོད་སྒོམ་ཅི་ཡང་མེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་ནང་ཁུལ་དུ་རུལ་སུངས་གཏན་ནས་སྡོད་ས་མེད་པ་ཞིག་བྱ་དགོས་ཞེས་བསྟན།
       ཚང་འཛོམས་གྲོས་ཚོགས་སྟེང་ཏང་ནང་ཁུལ་གྱི་ལྟ་རྟོག་ཀྱིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏིང་ཞོ་ཕིན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་དང་། གནས་ལྔ་གཞི་གཅིག་གི་སྤྱིའི་འཐབ་ཇུས་ཀྱི་གཅིག་འགྱུར་འཆར་འགོད་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་ཀྱི་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་དམིགས་སུ་བཟུང་ནས། ཏང་གི་སྒྲིག་སྲོལ་གཙིགས་ཆེན་དང་། ཁྲིམས་ལྟར་ཏང་སྐྱོང་བ། ཏང་ནང་ཁུལ་གྱི་ལྟ་རྟོག་དང་མི་དམངས་མང་ཚོགས་ཀྱི་ལྟ་རྟོག་གཞི་གཅིག་ཏུ་བསྡུས་ཏེ། ཏང་གིས་དུས་ཡུན་རིང་བོའི་སྲིད་སྐྱོང་གི་ཆ་རྐྱེན་འོག་རང་སེམས་རྣམ་དག་དང་རང་ཉིད་འཐུས་ཚང་། རང་ཉིད་གསར་བཅོས་དང་རང་ཉིད་ཀྱི་ནུས་བ་མཐོར་འདེགས་སུ་གཏང་དགོས་ཞེས་ནན་གྱིས་བསྟན།
        ཚང་འཛོམས་གྲོས་ཚོགས་སྟེང་ཏང་ནང་ཁུལ་གྱི་ལྟ་རྟོག་ལ་བཀག་སྡོམ་གྱི་ཆ་དང་དམིགས་བསལ་གྱི་ཆ་ནམ་ཡང་ཡོད་མི་རུང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཡིད་ཆེས་ལ་སྐུལ་འདེད་དང་ལྟ་རྟོག་ནན་མོ་ཟུང་འབྲེལ་བྱས་ཏེ། ཏང་གི་འགོ་ཁྲིད་ལས་བྱེད་པས་དབང་ཆ་ཡོད་ན་འགན་འཁྲི་ངེས་པར་དུ་ཡོད་པ་དང་། འགན་འཁྲི་ཡོད་ན་ངེས་པར་དུ་ཕྲག་ཏུ་ཁུར་དགོས་བ། འགན་དབང་ལ་ལྟ་རྟོག་དང་འགན་ཤོར་ན་ངེས་པར་དུ་རྩད་ཞིབ་བྱ་དགོས། ཏང་ནང་ཁུལ་གྱི་ལྟ་རྟོག་ལ་དམངས་གཙོ་གཅིག་སྡུད་ལམ་ལུགས་དངོས་འབེབས་དང་། སྒྲིག་ཁྲིམས་སྲོལ་ལྟར་ལག་བསྟར་བྱེད་པ། གོང་ནས་འོག་ཏུ་ལྟ་རྟོག་རྩ་འཛུགས་བྱེད་རྒྱུར་ཤུགས་སྣོན་བྱས་ཏེ། འོག་ནས་གོང་གི་དམངས་གཙོའི་ལྟ་རྟོག་ལ་བཅོས་བསྒྱུར་བྱེད་དགོས་པ་དང་། རིམ་པ་མཚུངས་བའི་བར་དུ་ཕན་ཚུན་ལྟ་རྟོག་གི་ནུས་བ་འདོན་སྤེལ་བྱ་དགོས་པ་བསྟན།
        ཚང་འཛོམས་གྲོས་ཚོགས་སྟེང་ཏང་ནང་ཁུལ་གྱི་ལྟ་རྟོག་གི་འགན་ཁུར་ནི་ཏང་གི་སྒྲིག་ཡིག་དང་སྒྲིག་ཁྲིམས་དག་ཏང་ནང་ཁུལ་དུ་ཕན་ནུས་ཡོད་པའི་སྒོ་ནས་ལག་བསྟར་བྱེད་ཆེད་ཡིན་ལ།ཏང་གི་མཐུན་སྒྲིལ་གཅིག་བསྡུས་ལ་སྲུང་སྐྱོབ་བྱེད་རྒྱུ་དེའང་ཡིན། གཙོ་བོ་ཏང་གི་མགོ་ཁྲིད་ཉམས་ཞན་གནད་དོན་ཐག་གཅོད་དང་། ཏང་གི་འཛུགས་སྐྲུན་གྱི་ཞན་ཆ། ཕྱོགས་ཡོངས་ནས་ནན་ཏན་སྒོས་ཏང་སྐྱོང་བའི་ཞན་ཆ་དང་། ཏང་གི་འདུ་ཤེས་སྣང་མེད་དུ་བཞག་ཡོད་པ། རྩ་འཛུགས་ཐར་ཐོར་དུ་གནས་བ་དང་སྒྲིག་ལམ་ལྷོད་པ། ཏང་སྐྱོང་གནད་དོན་སོགས་ཐག་གཅོད་བྱས་ཏེ་ཏང་གི་རྩ་འཛུགས་ཀྱིས་ལས་འགན་གང་ལེགས་སྒྲུབ་ཏེ་སྲོག་ཤིང་གི་ནུས་བ་འདོན་སྤེལ་བྱེད་དགོས་བ་དང་།ཏང་ཡོན་ཡོངས་ཀྱིས་དཔེ་སྟོན་གྱི་ནུས་པ་ཐོན་པར་ཁག་ཐེག་དང་། ཏང་གི་འགོ་ཁྲིད་ལས་བྱེད་པས་ཀུན་སློང་རྣམ་དག་གིས་འགན་འཁུར་བར་ཁག་ཐེག་བྱ་དགོས། ཏང་ནང་ཁུལ་གྱི་ལྟ་རྟོག་གི་ནང་དོན་གཙོ་བོ་ནི་ཏང་གི་སྒྲིག་ཡིག་དང་ཏང་སྲོལ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ལུགས་ལ་བརྩི་སྲུང་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་དང་། ཀྲུང་དབྱང་གི་གཏན་ཕབ་བརྒྱད་ཀྱི་དགོངས་དོན་དངོས་འབེབ་བྱས་ཏེ། ཏང་གི་ལས་བྱེད་པའི་ཚད་གཞི་རྒྱུན་འཁྱོངས་དང་། སྤྱོད་གཙང་ཀུན་མཐུན། ཚད་མཐུན་གྱིས་དབང་ཤུགས་བེད་སྤྱོད་བྱས་ཏེ། ཏང་ཀྲུང་དབྱང་དང་གོང་རིམ་རྩ་འཛུགས་ཀྱི་བཀོད་སྒྲིག་བྱས་པའི་ལས་འགན་སོགས་ལེགས་འགྲུབ་བྱེད་པའི་གནས་ཚུལ་དག་ཡིན་ཞེས་ནན་གྱིས་བསྟན།
         ཚང་འཛོམས་གྲོས་ཚོགས་སྟེང་ཏང་ནང་ཁུལ་དུ་ལྟ་སྐུལ་བྱེད་ས་གཙོ་བོ་ཏང་གི་མགོ་ཁྲིད་པའི་ལས་ཁུངས་དང་། མགོ་ཁྲིད་པ་དང་ལས་བྱེད་པ། ལྷག་པར་དུ་མགོ་ཁྲིད་པ་དང་ལས་བྱེད་པ་གཙོ་བོ་དག་ཡིན་ཞིང་། ཏང་ཀྲུང་དབྱང་གི་གཅིག་གྱུར་གྱི་མགོ་ཁྲིད་དང་། ཏང་ཨུ་དང་ཏང་ཙུའུ་ཡིས་ཕྱོགས་ཡོངས་ནས་ལྟ་སྐུལ་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཆེད་དུ་ལྟ་སྐུལ་བྱེད་པའི་འགན་ཁུར་བ། ཏང་གི་བྱ་བའི་སྡེ་ཁག་གིས་འགན་ནུས་ལྟ་སྐུལ་བྱེད་པ། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཉིན་རྒྱུན་དུ་ལྟ་སྐུལ་བྱེད་པ། ཏང་ཡོན་ཀྱིས་དམངས་གཙོ་ལ་ལྟ་སྐུལ་བྱེད་པའི་ཏང་ནང་ཁུལ་གྱི་ལྟ་སྐུལ་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་གཏང་དགོས་པར་བསྟན།
        ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་ཆབ་སྲིད་ཅུའུ། ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ནས་ཏང་ནང་ཁུལ་གྱི་ལྟ་སྐུལ་བྱ་བར་མགོ་ཁྲིད་བྱེད་དགོས། ཏང་ཨུ་དང་ཏང་ཙུའུ་ཡིས་ཏང་ནང་ཁུལ་གྱི་ལྟ་སྐུལ་ཁྲོད་ལས་འགན་གཙོ་བོ་འཁུར་བ་དང་། ཧྲུའུ་ཅི་དང་པོ་ནི་ལས་འགན་ཁུར་འཁན་དང་པོ་ཡིན་ལ། ཏང་ཨུ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཏང་ཙུའུ་ཡི་ཁོངས་མི། ཏང་ཨུའི་ཨུ་ཡོན་བཅས་ཀྱིས་འགན་འཁྲིའི་ཁྱབ་ཁོངས་ཁྲོད་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་བྱ་དགོས། ཏང་གི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་བྱེད་པའི་འདྲི་རྩད་འགན་འཁྲི་ལག་བསྟར་བྱ་དགོས། ཏང་གི་ལས་ཀའི་སྡེ་ཁག་གིས་འགན་འཁྲིའི་ཁྱབ་ཁོངས་ཀྱི་ཏང་ནང་ཁུལ་གྱི་ལྟ་སྐུལ་བྱ་བར་ཤུགས་སྣོན་དགོས། ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ཏང་ཡོན་གྱིས་དོན་ངོ་མས་འོས་འགན་ལག་བསྟར་བྱེད་པར་ལྟ་སྐུལ་བྱ་དགོས་པ་དང་། ཏང་གི་སྒྲིག་ཁྲིམས་ལ་སྲུང་སྐྱོང་དང་ལག་བསྟར་བྱེད་པར་ལྟ་སྐུལ་བྱ་དགོས། ཏང་ཡོན་གྱིས་ཧུར་ཐག་གིས་ཏང་ཡོན་གྱི་དབང་ཆ་སྤྱོད་དགོས་ལ། ཏང་གི་མགོ་ཁྲིད་ལས་བྱེད་པའི་དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་དགོས་ཞེས་ནན་གྱིས་བསྟན།
        ཚང་འཛོམས་གྲོས་ཚོགས་སྟེང་རིམ་པ་སོ་སོའི་ཏང་ཨུ་ཡིས་རིམ་པ་གཅིག་པའི་དམངས་ཆེན་སྲིད་གཞུང་དང་། ལྟ་སྐུལ་ལས་ཁུངས། ཁྲིམས་འཛིན་ལས་ཁུངས་སོགས་རྒྱལ་ཁབ་ཀྱི་ལས་ཁུངས་དང་གཞུང་ཞབས་མི་སྣར་ཁྲིམས་ལྟར་ལྟ་སྐུལ་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱིས་སྒྲིག་ཡིག་ལྟར་དམངས་གཙོའི་ལྟ་སྐུལ་བྱེད་པ། རྩིས་བཤེར་ལས་ཁུངས་ཀྱིས་ཁྲིམས་ལྟར་རྩིས་བཤེར་ལྟ་སྐུལ་བྱེད་པར་རྒྱབ་སྐྱོར་དང་འགན་ལེན་བྱ་དགོས། དམངས་གཙོའི་ཏང་ཁག་གིས་ལྟ་སྐུལ་འགན་ནུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། དམངས་གཙོའི་ཏང་ཁག་དང་ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣར་བཏོན་པའི་བསམ་ཚུལ་དང་སྐྱོན་བརྗོད། གྲོས་གཞི་ལ་གཙིགས་ཆེན་བྱ་དགོས་ལ། ནན་ཏན་དང་རང་འགུལ་གྱིས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས་པར་བསྟན།
        ཚང་འཛོམས་གྲོས་ཚོགས་སྟེང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་པ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་འོས་འགན་ཡིན་ཞིང་། ངེས་པར་དུ་ཏང་ཡོངས་ཀྱིས་མཉམ་དུ་འགུལ་སྐྱོད་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་ཕྱོགས་ཡོངས་ནས་མགོ་ཁྲིད་ཀྱི་ལས་འགན་ལག་བསྟར་བྱས་ཏེ། འབུར་ཐོན་གནད་དོན་ཐག་གཅོད་དགོས་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་གྱི་ལས་འགན་སོ་སོ་དོན་འཁྱོལ་ཡོང་བར་ཤུགས་སྣོན་བྱ་དགོས་ཞེས་ནན་གྱིས་བསྟན།
        ཚང་འཛོམས་གྲོས་ཚོགས་སྟེང་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་2017ལོའི་ལོ་སྨད་ལ་པེ་ཅིང་དུ་འཚོགས་རྒྱུའི་ཐག་བཅད།       ཚང་འཛོམས་གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། ཏང་ཡོངས་ཀྱིས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཐུན་སྒྲིལ་དམ་པོས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་ནས་ཡིད་ཆེས་བརྟན་པོ་དང་ཧུར་བརྩོན་འབད་འཐབ་བྱས་ཏེ། སྔར་ལས་ལྷག་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་སོ་སོ་ལེགས་པོར་བསྒྲུབ་པ་དང་། ཁྱད་པར་དུ་དོན་དམ་པས་བསམ་བློའི་གཞུང་ལུགས་བྱ་བ་དང་རྩ་འཛུགས་གྲ་སྒྲིག་བྱ་བ། དཔལ་འབྱོར་སྤྱི་ཚོགས་བྱ་བ། འདུ་ཤེས་འཛིན་སྟངས་བྱ་བ་སོགས་ལེགས་པོར་བསྒྲུབ་ནས། ངེས་པ་དོན་གྱིས་སྤྱི་ཚོགས་འཆམ་མཐུན་བརྟན་བརྟན་ལ་སྲུང་སྐྱོབ་བྱས་ཏེ་འབུར་དུ་ཐོན་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་བསྡུ་བར་བསུ་མ་བྱ་དགོས་ཞེས་བསྟན།
        ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་འདེམ་གསབ་ཨུ་ཡོན་ཀྲའོ་ཞན་ཀིན་དང་ཞན་ཧོས་གཉིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་ཁ་གསབ་བྱེད་པར་ཐག་གཅོད་བྱས།
        ཚང་འཛོམས་གྲོས་ཚོགས་སྟེང་ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བང་མུན་དང་ལོས་ཞུས་བུན་གྱིས་སྒྲིག་འགལ་ཚབས་ཆེན་བྱས་པའི་གནད་དོན་ཐད་ཀྱི་ཞིབ་བཤེར་སྙན་ཞུ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཧྥན་ཁྲང་མུས་དང་ལིའུ་ཀྲི་ཀྲུང་གིས་སྒྲིག་འགལ་ཚབས་ཆེན་བྱས་པའི་གནད་དོན་ཐད་ཀྱི་ཞིབ་བཤེར་སྙན་ཞུ་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ལ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཡར་སྔོན་དུ་བང་མུན་དང་ལོས་ཞུས་བུན། ཧྥན་ཁྲང་མུས། ཉིག་ཀྲི་ཀྲུང་བཅས་ལ་ཏང་ཁོངས་ནས་ཕྱིར་ཕུད་པའི་ཆད་པ་གཅོད་པར་གཏན་འཁེལ་བྱས།
        ཚང་འཛོམས་གྲོས་ཚོགས་སྟེང་ཏང་ཡོངས་ཀྱི་བློ་མཐུན་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ཏེ། ཁྱོན་ཡོངས་ནས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དཔྱིས་ཕྱིན་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་ཁྱོན་ཡོངས་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། ཏང་ཀྲུང་དབྱང་གི་ཟིལ་ཤུགས་དང་ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་བྱ་དགོས་པ་མ་ཟད། མུ་མཐུད་དུ་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བར་སྐུལ་འདེད་དང་། མཉམ་དུ་དག་གཙང་གི་ཆབ་སྲིད་སྐྱེ་ཁམས་ཤིག་བསྐྲུན་ནས་ཏང་གིས་མཐུན་སྒྲིལ་སྒོས་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་རྣམ་པ་གསར་བ་ཞིག་བསྐྲུན་པར་ཁག་ཐེག་བྱ་དགོས་པའི་འབོད་སྐུལ་བཏང་།།
(སྤྱི་བསྒྲགས་ཡིག་ཆ་འདི་མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བའི་སྟེང་སྤེལ་བའི་བསྒྱུར་ཡིག་ལྟར་སྒྲིག་སྒྱུར་བྱས་པ་ཡིན།)


























    


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1