དཀར་མཛེས་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་2016ལོའི་སློབ་སྐྱོར་རོགས་དངུལ་སྤྲོད་པའི་མཛད་སྒོ་སྤེལ།

ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༡༠ ཚེས་ ༢༥
        ཉེ་ཆར། དཀར་མཛེས་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་སློབ་སྐྱོར་ལས་ཀས་དབུལ་སེལ་ལས་ལ་འབད།། བརྩེ་བས་འོད་ཀྱིས་ཕུགས་འདུན་མངོན་འགྱུར་བྱ།།ཞེས་པའི་2016ལོའི་སློབ་སྐྱོར་རོགས་དངུལ་སྤྲོད་པའི་མཛད་སྒོ་སྤེལ། ཐེངས་འདིའི་མཛད་སྒོའི་སྟེང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་དཀའ་ངལ་ཅན་གྱི་ལས་བཟོ་བ་དང་ཞིང་འབྲོག་མང་ཚོགས་ཀྱི་བུ་དང་བུ་མོར་རོགས་སྐྱོར་གནང་ཞིང། མི་རེར་རོགས་དངུལ་སྒོར་2000ཡི་ཚད་གཞི་ལྟར་ཁྱོན་བསྡོམས་རོགས་དངུལ་སྒོར་ཁྲི་21.2སྤྲད། །