ཞི་ཅིན་ཕིང་གསེར་ལྡན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཕྲད་ཐེངས་བརྒྱད་པར་ཞུགས་པར་མ་ཟད་གསུང་བཤད་གནང་།
རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-18
སྤྱི་ཟླ་10པའི་ཚེས་16ཉིན། གསེར་ལྡན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཕྲད་ཐེངས་བརྒྱད་པ་རྒྱ་གར་ཨོ་གོ་ནས་འཚོགས།
ཞི་ཅིན་ཕིང་གིས་ཁ་བྱང་ལ《བློ་བརྟན་འགྱུར་མེད་དང་འཕེལ་རྒྱས་མཉམ་བསྐྱོད།》ཞེས་པའི་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསེར་ལྡན་རྒྱལ་ཁབ་ཀྱི་མཉམ་ལས་བྱས་ནས་ལོ་ངོ་10ནང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པར་གདེང་འཇོག་མཐོན་པོ་གནང་ཞིང་། གསེར་ལྡན་རྒྱལ་ཁབ་ཐུན་མོང་གིས་རྒྱལ་སྤྱིའི་ཁོར་ཡུག་ཆེན་པོའི་འགྲན་རྩོད་ལ་གདོང་གཏོད་དགོས་པའི་གྲོས་གཞི་བཏོན། དེ་མིན་ཀྲུང་གོའི་ཕྱོགས་ནས་ཕྱོགས་སོ་སོ་དང་མཉམ་དུ་གསེར་ལྡན་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཇུས་འགོད་བྱ་འདོད་པར་མ་ཟད། གསེར་ལྡན་རྒྱལ་ཁབ་ཀྱི་མཉམ་ལས་ཀྱིས་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། དར་རྒྱས་ལ་ཕན་ནུས་ཆེན་པོ་འདོན་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྟན།
རྒྱ་གར་གྱི་ཙུང་ལི་མོ་ཏི་ཡིས་གསེར་ལྡན་རྒྱལ་ཁབ་ཀྱི་མཉམ་ལས་ལམ་ལུགས་བཙུགས་ནས་ལོ་ངོ་10རིང་ལ། འཛམ་གླིང་དཔལ་འབྱོར་དར་རྒྱས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གོ་གནས་མཐོར་འདེགས་ལ་མཛད་རྗེས་གལ་ཆེན་བཞག་པ་རེད། རྒྱ་གར་ཕྱོགས་ནས་གསེར་ལྡན་རྒྱལ་ཁབ་ཀྱིས་བཟོ་ཚོང་དང་དངུལ་འཇོག དངུལ་རྩ། ཞིང་ལས། གྲོང་རྡལ་ཅན། རྨང་གཞིའི་སྒྲིག་བཀོད་དང་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དམ་ཟབ་བྱེད་པར་མ་ཟད་འབྲེལ་ཡོད་ལམ་ལུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་དགོས་ཞེས་བསྟན།
ལྷོ་ཨ་ཧྥེ་རི་ཁའི་ཙུང་ལི་ཙའོ་མས་གསེར་ལྡན་རྒྱལ་ཁབ་ཀྱིས་ཆུའི་ཐོན་ཁུངས་དང་གཞི་གྲངས་དཔལ་འབྱོར། དངུལ་འཇོག གསར་གཏོད། ཁེ་ལས་ཆུང་འབྲིང་། རྒྱ་མཚོ། དྲ་རྒྱ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དང་མི་ཆོས་བརྗེ་རེས་གཏིང་ཟབ་ཏུ་གཏང་དགོས་ཞེས་བསྟན།
བྷ་རེ་ཟེའི་སྲིད་འཛིན་ཐི་མེར་གྱིས་བྷ་རེ་ཟེའི་ཕྱོགས་ནས་གསེར་ལྡན་རྒྱལ་ཁབ་ནང་ཁུལ་གྱི་བཟོ་ཚོང་དང་དངུལ་འཇོག་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། དངུལ་རྩ་དང་ཚན་རྩལ། ཁོར་ཡུག མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཛའ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་གསེར་ལྡན་རྒྱལ་ཁབ་སོ་སོའི་མི་དམངས་ལ་མཉམ་ལས་ཀྱི་བསྐྲུན་པའི་ཁེ་ཕན་ཚོར་དུ་འཇུག་ངེས་ཞེས་བསྟན།
ཨུ་རུ་སུའི་སྲིད་འཛིན་ཕུ་ཅིན་གྱིས་གསེར་ལྡན་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མཉམ་ལས་ཀྱིས་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ཐད་ལ་ནུས་པ་གལ་ཆེན་བཏོན་པ་དང་། ང་ཚོས《གསེར་ལྡན་རྒྱལ་ཁབ་ཀྱི་དཔལ་འབྱོར་མཛའ་འབྲེལ་འཐབ་ཇུས།》ལག་བསྟར་བྱས་ཏེ་རྒྱུན་མཐུད་ནུས་ཁུངས་དང་དངུལ་རྩ། བཟོ་ཚོང་། དངུལ་འཇོག གློག་རྡུལ་ཚོང་དོན། འཕྲོད་བསྟེན། སློབ་གསོ་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ཤུགས་སྣོན་བྱ་དགོས་ཞེས་བསྟན།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1