刘忠俊 汉族,1976年出生于四川省甘孜藏族自治州泸定县,毕业于四川省教育学院美术系。以格桑益西、洛松向秋、布根等藏族画家为师学习传统唐卡绘画;师从朱建忠、刘铁泉、祁恩进等学习中国画创作。现任职于四川省美术馆,国家二级美术师、四川省美协理事等。作品多次参加国内外展览,其中《川藏公路》获中国美协主办的“多彩中国梦——2014·百家金陵画展(中国画)”金奖。
གཉན་ཆེན་གངས་དཀར་དང་རིགས་གསུམ་མགོན་པོ། 念青贡嘎日松贡布
ལིའུ་ཀྲུང་ཅུན་ནི་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་ནས་སྐྱེས་ཤིང་སི་ཁྲོན་ཞིང་ཆེན་སློབ་གསོའི་སློབ་གླིང་གི་རི་མོ་སྡེ་ཁག་ནས་སློབ་མཐར་ཕྱིན། ཆུང་བྱིས་པའི་དུས་ནས་རི་མོ་འབྲི་བར་དགའ་ཞེན་ཆེ་བས་སློབ་དཔོན་སྐལ་བཟང་ཡེ་ཤེས་དང་། བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་ཀུན་བཟང་ཡེ་ཤེས། བློ་བཟང་བྱང་ཆུབ། བུ་རྒན་སོགས་ཀྱི་ཐུགས་རྗེས་བསྐྱངས་ཏེ་སྲོལ་རྒྱུན་ཐང་ཀའི་འབྲི་སྲོལ་ལ་སྦྱངས་པ་མཛད། ཁོང་གི་དེང་རབས་བོད་ཀྱི་ལྷ་རིས་གསར་རྩོམ་གྱི་ཁྱད་ཆོས་གཙོ་བོ་ནི་ཚོན་མདོག་བཀྲ་ཞིང་། སྣག་ཚ་དང་ཚོན་རྩི་བཤོས་འདྲའི་རི་མོ་འབྲི་སྟངས་དེ་བོད་ལུགས་མཛེས་རྩལ་གྱི་གསར་རྩོམ་ཁྲོད་བཀོལ་སྤྱོད་བྱས་ནས། གསར་རྩོམ་གྱི་བརྒྱུད་རིམ་ཁྲོད་གཟུགས་བརྙན་གྱི་ཉམས་དང་སྤྱི་ཡོངས་ཀྱི་ཉམས་འབུར་ཏུ་ཐོན་པ་དེའོ། །དེ་ཡང་གཞན་དུ་སློབ་དཔོན་ཀྲུའུ་ཅའན་ཀྲུང་དང་། ལིའོ་ཐའེ་ཆོན། ཆི་ཨེན་ཅིན་སོགས་ཀྱི་སྐུ་མདུན་ནས་ཀྲུང་ལུགས་རི་མོའི་གསར་གཏོད་ལ་སྦྱངས་བ་དཔྱིས་ཕྱིན་པར་བྱས་ཡོད།
ཁོང་གི་བརྩམས་ཆོས་སྔ་གཞུག་ཏུ་སི་ཁྲོན་བོད་ཁུལ་རི་མོའི་འགྲེམ་སྟོན་དང་། སྐབས་བཞི་པའི་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན། སྐབས་ལྔ་པའི་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྒྱུ་རྩལ་དུས་ཆེན། སི་ཁྲོན་ཞིང་ཆེན་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན། སི་ཁྲོན་ཞིང་ཆེན་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་60འཁོར་བའི་དྲན་གསོའི་འགྲེམ་སྟོན་སོགས་ཞིང་ཆེན་རིམ་པའི་འགྲེམ་སྟོན་ཁྲོད་བྱ་དགའ་ཐེངས་མང་པོར་ཐོབ་པ་དང། ལྷག་པར་དུ་ཁྲོན་བོད་གཞུང་ལམ་ཞེས་པའི་བརྩམས་ཆོས་དེ་ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་མཛེས་སྡུག་ལྡན་པའི་ཀྲུང་གོའི་ཕུགས་འདུན་ཏེ་2014ལོའི་ཅིན་ལིན་གྱི་མཁས་བརྒྱའི་རི་མོ་འགྲེམ་སྟོན་ཁྲོད་ཀྲུང་གོ་རི་མོའི་གསེར་གྱི་རྟགས་མའི་གཟེངས་རྟགས་ཐོབ།
ད་ལྟ་ཁོང་ནི་སི་ཁྲོན་ཞིང་ཆེན་མཛེས་རྩལ་ཁང་དུ་ཕྱག་ལས་གནང་བཞིན་ཡོད་དེ། རྒྱལ་ཁབ་རིམ་པ་གཉིས་པའི་མཛེས་རིས་པ་དང་། སི་ཁྲོན་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱི་ལས་འཛིན་པ། དཀར་མཛེས་ཁུལ་མཛེས་རིས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་སོགས་ཀྱི་འགན་བཞེས་ཡོད། །
དབྱངས་ཅན་མ། 央金玛
བོད་རྒྱའི་ཇ་ཡི་འབྱུང་ཁུངས། 藏汉茶源
དབང་རྒྱལ་གླིང་གི་ཁྱད་མཚར་བའི་གཏམ་རྒྱུད། 翁嘉岭传奇
ལོ་ཟླའི་དབྱངས་རྟ། 岁月如歌
རྨི་ལམ། 梦幻三绝
ཁྲག་རྒྱུན། 血脉
པི་ཝང་གི་དབྱངས་རྟ། 弦胡悠扬