སི་ཝེས་ཙེར་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ནི་ཡོ་རོབ་གླིང་གི་དབུས་རྒྱུད་དུ་གནས་པའི་རྒྱལ་ཁབ་ཅིག་ཡིན་ལ། བྱང་འཇར་མན་དང་ནུབ་ཧྥ་རན་སི། ལྷོ་ཨི་ཐ་ལི། ཤར་ཨོ་སི་ཐྲི་ཡ་བཅས་དང་འདབ་འབྲེལ་དུ་གནས། སི་ཝེས་ཙེར་ནི་འཛམ་གླིང་གི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་སུ་སོང་བ་ཆེས་མགྱོགས་ཤིང་དམངས་འཚོའི་ཆུ་ཚད་ཆེས་མཐོ་བའི་རྒྱལ་ཁབ་ཅིག་ཡིན། གནས་འདིར་རི་མོ་བའི་པིར་རྩེ་ལས་འཁྲུངས་འདྲའི་རང་བྱུང་གི་མཛེས་ལྗོངས་མང་ཕྱིན་འཛམ་གླིང་སྐྱེ་འགྲོ་ཀུན་ལ་འཆར་ཡན་དང་མཛེས་སྡུག་གིས་ཕྱུག་པའི་བག་ཆགས་ཟབ་མོ་ཞིག་བཞག་པ་དང་ཀུན་གྱིས་ཡུལ་སྐོར་བྱེད་སའི་གནས་མཆོག་ཅིག་ཏུ་ངོས་འཛིན་བྱེད། མི་རྣམས་ཀྱིས་རྒྱལ་ཁབ་འདིའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་དང་ངོ་མཚར་བའི་ཚན་རྩལ་ཐོན་རྫས་ཀྱི་ཁྱད་ཆོས་དམིགས་སུ་བཟུང་སྟེ་སི་ཝེས་ཙེར་ལ་དེ་མཐུན་གྱི་མིང་མང་པོ་ཞིག་བཏགས་ཡོད་དེ། དཔེར་ན། འཛམ་གླིང་གི་སྤྱི་གླིང་དང་འཛམ་གླིང་གི་མེ་ཏོག་ལྡུམ་ར། ཆུ་ཚོད་འཁོར་ལོའི་རྒྱལ་ཁབ། དངུལ་རྩའི་རྒྱལ་ཁབ། ཡོ་རོབ་གླིང་གི་དགའ་ཚལ་སོགས་སོ།།
སི་ཝེས་ཙེར་དབུས་ཕྱོགས་ལྷོ་རྒྱུད་ཀྱི་ཨར་ཕེ་སིའི་རི་རྒྱུད་དང་ནུབ་བྱང་ས་ཁུལ་གྱི་རོའོ་ལ་རི་རྒྱུད། དབུས་རྒྱུད་ཀྱི་མཐོ་སྒང་གསུམ་ནི་འཛམ་གླིང་གི་ཆེས་མིང་དུ་གྲགས་པའི་རང་བྱུང་ཤུལ་བཞག་གསུམ་ཡིན་ལ། མཚོ་འཕགས་ཆ་སྙོམས་སྨི་1350ཡོད། རྒྱལ་ཁབ་འདིར་མཐོ་སྒང་དང་མཐོ་དམའ་མི་འདྲ་བའི་རི་བོ་མོད་པས་ཡོ་རོབ་གླིང་གི་ཡང་རྩེ་ཞེས་པའི་མཚན་སྙན་གསོལ་ཡོད། རི་བོས་རྒྱལ་ཁབ་འདིའི་སྤྱིའི་རྒྱ་ཁྱོན་གྱི་30.3%ཟིན། སི་ཝེས་ཙེར་གྱི་གནམ་གཤིས་ནི་དྲོད་ཁུལ་བྱང་མའི་ཁོངས་སུ་གཏོགས་པ་དང་། ལོ་གཅིག་གི་གནམ་གཤིས་ལ་འགྱུར་བག་ཧ་ཅང་ཆེ། སི་ཝེས་ཙེར་གྱི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་ཏེ་བསྡོམས་པའི་གཏེར་ཆུ་རིགས་མི་འདྲ་བ་250ལྷག་ཡོད། ཧྲིན་མོའོ་ལི་ཚིའི་གཏེར་ཆུ་ནི་ཡོ་རོབ་གླིང་གི་ལྕགས་འདུས་ཚད་ཆེས་མང་པོའི་གཏེར་ཆུ་ཡིན། ཨར་ཕེ་སིའི་རི་རྒྱུད་དུ་ཡོ་རོབ་གླིང་དུ་ཆེས་ཆེ་བའི་མཚེའུ་ཆེན་པོ་ཞིག་ཡོད་ལ། དེའི་མིང་ལ་རི་ནི་ཝ་མཚེའུ་ཟེར་ཞིང་མིང་གཞན་ལ་ལེའེ་མང་མཚེའུ་ཡང་བྱ།
པོར་ནིའུ་ནི་སི་ཝེས་ཙེར་གྱི་མིང་དུ་གྲགས་པའི་གྲོང་ཁྱེར་ཆེན་པོ་ཞིག་ཡིན། གྲོང་ཁྱེར་འདི་ནི་སྲིད་འཛིན་དང་དངུལ་ཁང་གི་ལྟེ་གནས་ཤིག་ཡིན་པར་མ་ཟད། རིག་གནས་དང་ཡུལ་སྐོར་ལས་རིགས་དར་རྒྱས་ཆེ་བའི་གྲོང་ཁྱེར་ཞིག་ཀྱང་རེད། གྲོང་ཁྱེར་འདིར་རིག་གཞུང་ཞིབ་འཇུག་གི་སྡེ་ན་མིང་དུ་གྲགས་པའི་སློབ་ཆེན་མང་པོ་ཡོད་དེ། ལོ་རྒྱུས་ཀྱི་དུས་ཡུན་ཆེས་རིང་བའི་གནའ་བོའི་སློབ་གླིང་སྟེ་པོར་ནིའུ་སློབ་ཆེན་ནི་ཁམས་ཆེན་པོའི་འཕྲོ་ཐིག་ལ་ཞིབ་འཇུག་བགྱིས་ནས་མཚན་སྙན་ཕྱོགས་བཞིར་ཁྱབ་པའི་སློབ་ཆེན་ཞིག་རེད། དེ་མིན་གྲོང་ཁྱེར་འདིར་ད་དུང་ལོ་རྒྱུས་དང་རང་བྱུང་ལོ་རྒྱུས། སྒྱུ་རྩལ། དམག་ཆས་སོགས་དང་འབྲེལ་པའི་དངོས་མང་བཤམ་སྟོན་ཁང་མང་པོ་ཡོད། དེ་ཕྱིར་གྲོང་ཁྱེར་འདི་ནི་གནའ་བོའི་སྲོལ་རྒྱུན་གྱི་བཀྲག་མདངས་མ་ཡལ་ཞིང་དེང་རབས་གསར་དར་གྱི་ཁྱད་ཆོས་མ་དོར་བའི་རིག་གནས་ཀྱི་མཁའ་དབུགས་ཆེས་ཆེར་སྟུག་པའི་གནའ་དེང་ཟུང་འབྲེལ་གྱི་གྲོང་ཁྱེར་ཞིག་ལགས།
སི་ཝེས་ཙེར་གྱི་རྒྱལ་ས་པོར་ནིའུ། 瑞士首都伯尔尼
སི་ཝེས་ཙེར་དངུལ་ཁང་ནི་འཛམ་གླིང་གི་ཆེས་བདེ་འཇགས་ཀྱི་དངུལ་ཁང་ཡིན་པར་མ་ཟད། དངུལ་ཁང་གི་མི་སྒེར་གསང་བ་འགན་སྲུང་བྱས་པ་ཆེས་ལེགས་པའི་དངུལ་ཁང་ཞིག་ཀྱང་རེད།
འདས་སོང་གི་ལོ་རྒྱུས་ལ་ཕྱིར་རྟོག་ཅིག་བྱས་ཚེ་ང་ཚོས་འཛམ་གླིང་གི་རིག་པ་སྨྲ་བ་མང་པོ་ཞིག་གནས་འདིར་འཚོ་བཞེས་གནང་མྱངས་པ་ཤེས་ཐུབ། 1848ལོར་ཨེན་ཁེ་སི་ཡིས་གནས་འདིར་སི་ཝེས་ཙེར་གྱི་བཟོ་བའི་ལས་འགུལ་ལ་མཛུབ་སྟོན་མཛད་མྱངས་པ་དང་། 1914ལོའི་ཟླ་9པ་ནས་1916ལོའི་ལོ་སྟོད་དུ་ལེ་ཉིན་གནས་འདི་ནས་འཚོ་སྡོད་བྱས་མྱངས། འཛམ་གླིང་ན་མིང་དུ་གྲགས་པའི་དངོས་ལུགས་རིག་པ་ཨེན་སི་ཐེན་ལགས་ཀྱིས་གནས་འདིར་དངོས་ལུགས་རིག་པར་ཞིབ་འཇུག་བྱས་ཏེ་ལྟོས་བཅས་སྨྲ་བའི་ལྟ་ཚུལ་བཏོན། ད་ལྟ་ཨེན་སི་ཐེན་གྱི་སྡོད་ཁང་དེ་དངོས་མང་བཤམ་སྟོན་ཁང་དུ་བསྒྱུར་འདུག
སི་ཝེས་ཙེར་ཆུ་བོའི་འགྲམ་གྱི་བརྗིད་ཆགས་ལྡན་པའི་བཟོ་བཀོད་ཀྱི་རྣམ་པ། 瑞士河岸优美的建筑风景
རི་ནིའུ་ཝ་ནི་རྒྱལ་སྤྱིའི་རང་བཞིན་གྱི་གྲོང་ཁྱེར་ཞིག་ཡིན། གྲོང་ཁྱེར་འདིར་བསྡོམས་པའི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་སྡེ་ཁག་243ཡོད་ལ། སྡེ་ཁག་དེ་དག་ཕལ་ཆེར་རིགས་ཆེན་པོ་གསུམ་དུ་བགར་ཆོག་སྟེ། གཅིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡེ་ཁག་སྟེ་དཔེར་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་པུའུ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལྟ་བུ། གཉིས་པ་ནི་སྲིད་གཞུང་བར་གྱི་སྡེ་ཁག་སྟེ་ཡོ་རོབ་གླིང་གི་བྱིས་པའི་ཞིབ་འཇུག་ཁང་ལྟ་བུ། གསུམ་པ་ནི་སྲིད་གཞུང་མ་ཡིན་པའི་སྡེ་ཁག་སྟེ་རྒྱལ་ཁབ་སོ་སོའི་གྲོས་ཚོགས་མནའ་འབྲེལ་དང་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོགས་པ་ལྟ་བུའོ། །དེ་མིན་རི་ནིའུ་ཝའང་མིང་དུ་གྲགས་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་ཞིག་ཡིན་ཏེ་གནས་འདིའི་ཁྱད་མཚར་བའི་རང་བྱུང་གི་བཀོད་པའི་འཛམ་གླིང་གི་སྐྱེས་ཆེན་མང་པོ་ཞིག་གི་ཡིད་ཀྱི་དང་བ་དྲངས་ཡོད་དེ། མིང་དུ་གྲགས་པའི་བསམ་བློ་བ་རོའོ་སོ་གནས་འདིར་འཁྲུངས་ཤིང་དབྱིན་ཇིའི་སྙན་ངག་པ་གྲགས་ཆེན་པེ་ལོན་ཡང་གནས་འདིར་འཚོ་བཞེས་བྱས་མྱངས། དེ་མིན་དབྱིན་ཇིའི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་གྲགས་ཆེན་ཞོའོ་ལེ་ཡང་འདིར་འཚོ་མྱངས། རྩོམ་པ་པོ་དང་ཤེར་རྟོགས་སྨྲ་བ་དེ་དག་གིས་གནས་འདིར་ཕུགས་བསམ་མཛེས་སྡུག་ཏུ་བསྒོམས་ཏེ་ཕྱི་རབས་པར་འཆར་ཡན་གྱིས་ཕྱུག་པའི་སྒྱུ་རྩལ་བརྩམས་ཆོས་མང་པོ་ཞིག་དང་། མི་ཚེ་དང་འཆི་བ་སོགས་ལ་མནོ་བསམ་བཏང་བའི་ཤེར་རྟོག་རིག་པའི་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་ང་ཚོའི་གོ་སྐལ་དུ་གནང་བ་ལགས།
སི་ཝེས་ཙེར་གྱི་བརྗིད་ཆགས་ཀྱི་གངས་རི།
瑞士的雪山之王马特宏峰
ལོ་སེད་ཨེན་ནི་སི་ཝེས་ཙེར་གྱི་ཁོར་ཡུག་མཛེས་ཤིང་གནམ་གཤིས་ལེགས་པའི་གྲེང་ཁྱེར་ཆེན་པོ་ཞིག་རེད། གནས་འདིར་ལོ་རྒྱུས་རིང་ཞིང་ས་གནས་རིག་གནས་ཀྱི་ཁྱད་ཆོས་བླ་ལྷག་ལྡན་པའི་ཤིང་ཟམ་མང་པོ་ཡོད། དེ་དག་ལས་ལ་ལར་ལོ་ངོ་ཆིག་སྟོང་སུམ་བརྒྱའི་ལོ་རྒྱུས་ལྡན། གྲོང་ཁྱེར་འདིར་ལོ་རྒྱུས་རིག་གནས་དང་འབྲེལ་པའི་དངོས་མང་བཤམ་སྟོན་ཁང་མང་པོ་ཞིག་ཡོད་པར་མ་ཟད། དུས་རབས་14སྐབས་ཀྱི་རིག་རྩལ་བསྐྱར་དར་དང་འབྲེལ་བའི་བཟོ་བཀོད་མང་པོའང་ཡོད།
སི་ཝེས་ཙེར་གྱིི་བེེཌཱུརྱའི་ནགས་ཀླུང་ཆེན་མོ།
瑞士琉森湖
ཨར་ཕེ་སི་རི་རྒྱུད་ཀྱི་ཁ་གཏད་དུ་གནས་པའི་ལཱ་ཨོ་སྐས་རིམ་རྣམ་པའི་རྒུན་འབྲུམ་སྤྱི་གླིང་ནི་ལེ་མོན་མཚེའུ་འགྲམ་དུ་ཡོད། གནས་འདི་ནི་མིང་དུ་གྲགས་པའི་རྒུན་ཆང་ཐོན་སྐྱེད་བྱེད་གནས་ཤིག་ཡིན་ལ་ད་ལྟའི་བར་མི་ལོ་800ལྷག་གི་ལོ་རྒྱུས་ལྡན། སྤྱི་ལོ་2007ལོའི་ཟླ་6པའི་ཚེས་28ཉིན། སི་ཝེས་ཙེར་ལཱ་ལོན་སྐས་རིམ་རྣམ་པའི་རྒུན་འབྲུམ་སྤྱི་གླིང་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ཤུལ་བཞག་མིང་ཐོར་ཚུད།
སི་ཝེས་ཙིར་གྱི་མཱ་ཐེ་ས་ཁུལ་གྱི་མཛེས་ལྗོངས།
采尔马特地区马特洪峰
ས་ཆེན་པོའི་པང་བར་བརྟན་བརླིང་ངང་འགྱིང་ཞིང་སྐྱེ་འགྲོ་ཀུན་གྱི་འཚོ་སྡོད་ཀྱི་གནས་མལ་དུ་གྱུར་བའི་ཨར་ཕེ་སི་རི་རྒྱུད་ནི་ལོ་ངོ་དུང་ཕྱུར་1.8ཀྱི་སྔོན་དུ་བྲག་ལེབ་འགུལ་བསྐྱོད་ཀྱི་གོ་རིམ་ཁྲོད་ནུབ་རྒྱ་མཚོ་བྱང་མ་རྒྱ་བསྐྱེད་ཅིང་ལྷོ་ཕྱོགས་ཀྱི་ཧྥེ་གླིང་བྲག་ལེབ་ནུབ་ཕྱོགས་སུ་བསྐྱེད་འགོ་ཚུགས། གནའ་བོའི་སྐོར་དཀྱིལ་རྒྱ་མཚོའི་མཚོ་ཞབས་ཀྱི་བྲག་རིམ་ལ་བཙིར་གནོན་ཐེབས་ཏེ་ཡར་འཕགས་པ་ལས་ཨར་ཕེ་སི་རི་རྒྱུད་གྲུབ། ཨར་ཕེ་སི་རི་རྒྱུད་ནི་ཡོ་རོབ་གླིང་གི་ཆེས་རིང་ཞིང་ཆུའི་གཏེར་ཁུངས་ཆེས་ཕུན་སུམ་ཚོགས་པའི་རི་རྒྱུད་ཅིག་ཡིན། ཏོའོ་ནོའུ་གཙང་པོ་དང་ལེ་ཡེན་གཙང་པོ། ལོའོ་ནཱ་གཙང་པོ་སོགས་ཡོ་རོབ་གླིང་གི་གཙང་པོ་ཆེན་པོ་དག་གི་འགོ་ཁུངས་ཀྱང་རི་རྒྱུད་འདིར་ཡོད་པས་ཀུན་གྱིས་ཚེ་སྲོག་གི་རྟེན་གཞིར་ངོས་འཛིན་བྱས། །
སི་ཝེས་ཙེར་གྱི་མིང་གྲགས་ཆེ་བའི་རི་རྒྱུད།
瑞士著名的铁力士峰