虾拉沱村在建设美好新家园,打造“康巴第一村”中,村党支部发挥了坚强的战斗堡垒作用,引领群众增收致富,把青稞种植、养殖业、大户、党员和群众组织起来,创立了“支部+协会(合作社)+农户”的党建新模式。村支部的政治优势和协会(合作社)的专业优势、经济优势结合起来,使虾拉沱村面貌一新。如今的虾拉沱村实现了户户连水泥路,组组通柏油路,曾经的泥泞小道变成宽敞的柏油马路,满眼的红瓦“崩科”(藏式木石房子),家家户户院里花香扑鼻,环境清洁靓丽。
2012年6月,虾拉沱村党支部被中组部评为全国创先争优先进基层党组织。
དཀར་མཛེས་ཁུལ་བྲག་འགོ་རྫོང་སྙེ་མོ་ཤང་ཤྭ་ར་ཐང་གྲོང་སྡེ་ཏང་ཀྲི་པུའུ་ཡི་གནས་ཚུལ་བཀོད་པ།
1ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་སྐོར་ལ་མཐོང་ཆེན་བྱེད་པ། དཀོན་རྡོས་པར་བླངས།
村委会班子重视和加强党风廉政建设 图 / 根多
2
ཏང་ཀྲི་པུའུ་ཧྲུའུ་ཅི་ཝུའུ་ཧྥུ་ཧྲུའུ་ཡིས་མི་སེར་ལ་སེམས་ཁུར་བྱེད་བཞིན་པ། དཀོན་རྡོས་པར་བླངས།
村支部书记吴福寿与村民交谈 图 / 根多
3
གྲོང་མི་ཚོས་ཞིང་ལས་བྱེད་བཞིན་པ།
村民在田间作业 炉霍县委宣传部提供
4
སྔོ་ཚལ་འདེབས་འཛུགས་ཀྱིས་ཡོང་འབབ་འཕར་སྣོན་བྱུང་བ། དཀོན་རྡོས་པར་བླངས།
蔬菜种植带动了农民的增收 图 / 根多
5
ལོ་ལེགས་ཀྱི་འཛུམ་མདངས། དཀོན་རྡོས་པར་བླངས།
丰收的喜悦 图 / 根多
6
ནས་ཞིང་དཔེ་སྟོན་རྟེན་གཞི། དཀོན་རྡོས་པར་བླངས།
虾拉沱村青稞示范基地 图 / 根多
ཤེལ་ཆུ་སྔོན་མོ་ཤག་ཤག་གི་རླབས་སྒྲ་དང་བསྡོངས་ནས་དལ་གྱིས་བཞུར་ཞིང་། གྲལ་ཕྲེང་བསྒྲིགས་པའི་སྤུས་ལེགས་གི་ཁང་བཟང་དང་། དར་དཀར་ཡུག་གཅིག་འཐེན་པ་ལྟ་བུའི་ཁོད་སྙོམས་པའི་གྲོང་སྡེའི་གཞུང་ལམ། ད་དུང་ཡངས་པའི་ཞིང་སར་ལྗང་མདོག་གི་སྙེ་མའི་མགོ་བོ་ལྡེམ་ལྡེམ་དུ་གཡོ་བའི་ཁམས་པའི་གྲོང་སྡེ་དང་པོ་ཞེས་མཚན་སྙན་རྒྱས་པའི་རི་གྲོང་འདི་ཉིད་འཕེལ་རྒྱས་ཀྱི་གསོན་ཤུགས་འབར་བའི་གཟི་ཉམས་ཤིག་མིག་གི་དགའ་སྟོན་དུ་བསྟར་འོངས།
གསར་འགོད་པས་སྡེ་བའི་ཡུལ་མི་རྣམས་དང་མཉམ་དུ་ཤྭ་ར་ཐང་གྲོང་སྡེའི་འཕོ་འགྱུར་གླེང་སྐབས། གྲོང་མི་ཚོའི་གདོང་ལ་སྤྲོ་སྣང་དང་ང་རྒྱལ་གྱི་ཉམས་ཤིག་མངོན་ནས་བཤད་རྒྱུར། ང་ཚོ་ལ་དེ་རིང་འདི་ལྟ་བུའི་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་རོལ་ཐུབ་པ་བྱུང་བ་ནི། གཅིག་ནས་ཏང་གི་དམངས་ཕན་དམངས་ཕྱུག་གི་སྲིད་ཇུས་བཟང་པོ་ཡོད་པ་དང་། གཉིས་ནས་ང་ཚོའི་སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པ་རེད་ཟེར།
ཤྭ་ར་ཐང་གྲོང་སྡེ་ནི་དཀར་མཛེས་ཁུལ་བྲག་འགོ་རྫོང་སྙེ་མོ་ཡུལ་ཤོག་གི་ཁོངས་སུ་གཏོགས་ཤིང། སྔོན་ཆད་ཆུ་འདམ་གྱིས་སྦགས་པའི་སྡེ་བའི་སྲང་ལམ་དེ་ཉིད་ད་ལྟ་རྒྱ་ཆེ་ཞིང་ཁོད་སྙོམས་པའི་སྣུམ་གནག་གི་གཞུང་ལམ་བསྐྲུན་ཡོད་ཅིང་། དེང་རབས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་བོད་ལུགས་ཀྱི་སྡོད་ཁང་ཐང་མར་བརྡལ་ནས་ཡངས་པའི་ཤྭ་ར་ཐང་ཆེན་དུ་འབྲུ་དྲུག་རེ་བའི་སྙེ་མ་གཡུར་དུ་ཟ་ཞིང་། མེ་ཏོག་སྣ་བརྒྱའི་དྲི་བསུང་ཕྱོགས་བཞིར་འཐུལ་ནས་ཁོར་ཡུག་གཙང་ཞིང་མཛེས་སྡུག་སྤུད།
ཏང་འཛུགས་ཀྱི་རྣམ་པ་གསར་པས་མི་སེར་སྣེ་ཁྲིད་བྱས་ཏེ་ཕྱུག་འགྱུར་ལམ་དུ་བསྐྱོད།
དབྱར་གྱི་དཔལ་ཡོན་རྒྱས་པའི་མཐོ་སྒང་གི་དུས་ཚིགས་འདི་ནི་ཡོད་ཚད་སྔོ་ལྗང་གི་འཇིག་རྟེན་ཞིག་ཏུ་གྲུབ་འདུག་ལ། ཤྭ་ར་ཐང་ཆེན་དུ་ལོ་ཏོག་སྨིན་པའི་སྙེ་མ་ཤྭ་འོད་ཀྱི་རླབས་ཕྲེང་རྒྱུག་པའི་གཟུགས་རིས་སུ་བསྟར་ཞིང་། འདི་ན་ས་ཁོད་ཡངས་ཤིང་། དྲོ་གྲང་སྙོམས་པས་ཧོར་བྲག་འགོའི་འབྲུ་རིགས་ཀྱི་བང་མཛོད་ཅེས་མིང་དུ་གྲགས། ད་སྐབས་ཤྭ་ར་ཐང་གྲོང་སྡེ་ལ་ས་ཞིང་མུའུ་1505ཡོད་པ་དང་། ནས་འབྲུ་དང་ཞོག་ཁོག་སྤུས་ལེགས་རིགས་རྨོས་པའི་དཔེར་སྟོན་རྟེན་གཞི་ཞིང་ས་མུའུ་1200ལྷག་ཡོད། ཞིང་ནང་དུ་མི་སེར་ཚོ་དང་མཉམ་དུ་ཞིང་ལས་བྱེད་བཞིན་ཡོད་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝུའུ་ཧྥུ་ཧྲུའུ་ཡིས་གསར་འགོད་པར་བཤད་རྒྱུར། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་དང་ཏང་གི་སྔོན་ཐོན་རང་བཞིན་དེ་ཐོན་སྐྱེད་ཚོང་གཉེར་དང་མི་སེར་གྱི་ཡོང་འབབ་འཕར་སྣོན། མི་སེར་སྣེ་ཁྲིད་དེ་ཕྱུག་འགྱུར་ཡོང་བ་བཅས་སུ་མངོན་གསལ་དུ་མཚོན་པ་གང་ལེགས་ཡོང་ཆེད། ཤྭ་ར་ཐང་གྲོང་སྡེས་ཀྲི་པུའུ་དང་ཚོགས་པ།(མཉམ་ལས་ཁང་།)ཞིང་པའི་དུད་ཚང་བཅས་མཉམ་དུ་འབྲེལ་བའི་ཏང་རྩ་འཛུགས་ཀྱི་རྣམ་པ་གསར་དུ་གཏོད། ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་འོག་ཤྭ་ར་ཐང་གྲོང་སྡེའི་ནས་ཞིང་རྨོས་པ་དང་གསོ་སྤེལ་ལས་རིགས་འཕེལ་རྒྱས་འགྲོ་བཞིན་པའི་བཟང་ཆར་བརྟེན་ནས་དུད་ཁག་ཆེ་གྲས་དང་ཏང་ཡོན། མང་ཚོགས་རྩ་འཛུགས་བྱས་ཏེ་ཏང་ཀྲི་པུའུ་ཡི་ཆབ་སྲིད་ཀྱི་བཟང་ཆ་དང་མཉམ་ལས་ཁང་གི་ཆེད་ལས་ཀྱི་བཟང་ཆ། དཔལ་འབྱོར་གྱི་བཟང་ཆ་རྣམས་ཟུང་འབྲེལ་དམ་ཚགས་བྱས་ནས། གྲོང་སྡེའི་ཀྲི་པུའུ་ཐད་ཀར་མཉམ་ལས་ཁང་གི་ནང་ཁུལ་གྱི་དོ་དམ་ལ་ཐེ་གཏོགས་མི་བྱེད་པར་མཉམ་ལས་ཁང་གི་ལམ་ལུགས་ལེགས་བཅོས་དང་འཐུས་ཚང། སྡེ་ཁག་གི་སྒྲིག་བཀོད། ཚད་ལྡན་དོ་དམ་བྱེད་པར་སྣེ་ཁྲིད་དང་རོགས་རམ་བྱས་ཏེ་ཞིང་པའི་རྩ་འཛུགས་རང་བཞིན་གྱི་ཚད་ཇེ་མཐོར་གཏོང་བ་དང། ཉེན་ཁ་དང་རང་བྱུང་གནོད་འཚེར་ཁ་གཏད་འཇལ་བའི་ནུས་པ་ཇེ་དྲག་ཏུ་བཏང་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་ཡོད་ཟེར།
དེང་རབས་འཕྲུལ་ཆས་ཀྱིས་སྟོན་སྡུད་བཞིན་པ།
现代收割机械开进了虾拉沱村的田间
ཉེ་བའི་ལོ་འགའི་རིང་དུ། ཤྭ་ར་ཐང་གྲོང་སྡེའི་རྨོ་འདེབས་མཉམ་ལས་ཁང་གིས་ཞིང་ས་ལེགས་བསྡུས་ཞིབ་གཉེར་གྱི་དོ་དམ་བྱ་ཐབས་ལག་ཏུ་བསྟར་ནས་ཞོག་ཁོག་གི་རྟེན་གཞི་དང་། ནས་འབྲུ་སྤུས་ལེགས་ཅན་གྱི་རྟེན་གཞི་བཙུགས་པ་དང་། གངས་ལྗོངས་འོ་སེ་ཇ་རྨོ་འདེབས་མཉམ་ལས་ཁང་གིས་འོ་སེ་ཇའི་ཤིང་སྡོང་མུའུ་120ལྷག་རྨོས་ནས་ལོ་རེར་ཇ་རྒྱ་མ་1000ལས་བརྒལ་བ་བསྡུ་ཐུབ་པས་ལོ་རེར་སྒོར་ཁྲི་3གྱི་ཡོང་འབབ་ཡོད། ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་གིས་གླ་ཆ་དགོས་པའི་འཕྲུལ་ཆས་ཀྱིས་ཞིང་སློག་པ་དང་། ཞིང་རྨོ་བ། སྟོན་བསྡུ་བའི་ལས་ཀ་གཉེར་བར་མཉམ་ལས་ཁང་དུ་མཉམ་ཞུགས་བྱེད་པའི་མི་སྣ་གྲོང་སྡེ་5ཡི་དུད་ཚང་320ལྷག་འདུས་པས་ཞབས་ཞུའི་ཁེབས་ཚད་བྲག་འགོ་རྫོང་ཡོངས་ཀྱི་ཞིང་ལས་ཡུལ་གྲོང་10དང་ཉེ་འཁོར་གྱི་རྫོང་དཀར་མཛེས་དང་རྟའུ་སོགས་སུ་ཁེབས་པས་ལོ་རེའི་ཡོང་སྒོ་ཁྲི་42ལྷག་ལ་ཐོན་ཡོད་འདུག
ཐོན་ལས་འཕེལ་རྒྱས་བཏང་བ་ལས་གཞན། སྡེ་བའི་ཏང་ཀྲི་པུའུ་ཡིས་ད་དུང་ཧུར་ཐག་གིས་གྲོང་སྡེའི་རྨང་གཞི་སྒྲིག་ཆས་ལེགས་བཅོས་སུ་བཏང་། 2011ལོ་ནས་བཟུང་། སྡེ་བའི་ཏང་ཀྲི་པུའུ་ཡིས་ཕྱོགས་གང་མང་ནས་འབད་པ་བྱས་པར་བརྒྱུད་མ་དངུལ་སྒོར་ཁྲི་120ལ་ཉེ་བར་གཏོང་འཇོག་བྱས་ཏེ་གསོ་སྤེལ་དུད་ཚང་གི་ཕག་ཁང་གི་འབགས་ཆུ་གཙང་བཅོས་རྫིང་བུ་བཟོས་པ་དང་། སྔོན་རྗེས་སུ་གྲོང་སྡེའི་གཞུང་ལམ་སྤྱི་ལེ་5གསར་བསྐྲུན་དང་བསྒྱུར་བཀོད་བྱས་པས་དུད་ཚང་སོ་སོ་བར་ཨར་འདམ་ལམ་གྱིས་སྦྲེལ་བ་དང་། སྡེ་བ་སོ་སོའི་བར་སྣུམ་ལམ་ཤར་གཏོང་བྱས་ཡོད་པའི་གཞུང་ལམ་བསྒྱུར་བཀོད་ཀྱི་ཚད་100%ལ་ཟིན་ཡོད།
སྣེ་ཁྲིད་ཡག་པོ་བདམས་ནས་ཏང་ཀྲི་པུའུ་བཟང་པོ་བཙུགས་པ།
ཤྭ་ར་ཐང་གྲོང་སྡེའི་ཏང་ཀྲི་པུའུ་ལ་ཧྲུའུ་ཅི་གཅིག་དང། ཨུ་ཡོན་བཞི། ཏང་ཡོན་སུམ་ཅུ་ལྷག་ཡོད། ལོ་འདི་འགའི་རིང་། ཤྭ་ར་ཐང་གྲོང་སྡེ་དེ་ཁམས་པའི་གྲོང་སྡེ་དང་པོ་ཞེས་མཚན་སྙན་ཕྱོགས་ཀུན་རྒྱས། དཀར་མཛེས་ཁུལ་དུ་ཤྭ་ར་ཐང་གྲོང་སྡེ་ནི་འཆམ་མཐུན་བརྟན་བརླིང་ཡིན་པའི་དར་དམར་གྲོང་སྡེ་ཡིན་ལ། བྲག་འགོ་རྫོང་དུ་དཔལ་འབྱོར་དང་དཔལ་ཡོན་འཛུགས་སྐྲུན་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པའི་ཧྭ་ཤི་གྲོང་སྡེ་ལྟ་བུ་ཞིག་ཡིན། སྔོན་ཆད་ཡིན་ན་ཤྭ་ར་ཐང་ནི་ཁུ་སིམ་པའི་གྲོང་སྡེ་ཆུང་ཆུང་ཞིག་ཡིན་ཞིང་། ད་སྐབས་སྡེ་བའི་ཏང་ཀྲི་པུའུ་ཡིས་བློ་བརྟན་འགྱུར་མེད་ཀྱི་སྣེ་ཁྲིད་འོག གྲོང་སྡེ་འདི་ཉིད་ནི་རྫོང་ཡོངས་དང་དཀར་མཛེས་ཁུལ་ཡོངས་ལས་འཕེལ་རྒྱས་ཀྱི་མྱུར་ཚད་སྔོན་དུ་སྐྱོད་བཞིན་ཡོད་པའི་གྲོང་སྡེ་ཞིག་ཏུ་གྱུར་ཡོད།
ཤྭ་ར་ཐང་གྲོང་སྡེའི་མཛེས་ལྡན་གྱི་རྣམ་པ་གསར་པ།
田园风光,诉说着虾拉沱人的智慧与勤劳。
ལོ་བཅུའི་ཡར་སྔོན་གྱི་ཤྭ་ར་ཐང་གྲོང་སྡེ་ནི་མི་སེར་གྱི་ལྟ་བ་རྗེས་ལུས་ཡིན་པ་དང་། ཞིང་རྨོས་པ་དང་ངལ་རྩོལ་ལ་བརྟེན་ནས་ཡོང་འབབ་བཙལ་རྒྱུ་དེ་རེད། ཡུལ་ཤོག་ཏང་ཨུ་སྲིད་གཞུང་གིས་ཞིབ་ཅིང་ནན་མོའི་སྒོ་ནས་བརྟག་ཞིབ་བྱས་རྗེས་ངེས་པར་དུ་སྣེ་ཁྲིད་པ་བཟང་པོ་ཞིག་དགོས་པ་དང་། བློ་བརྟན་ཞིང་ཤུགས་ལྡན་པའི་གྲོང་སྡེ་རིམ་པའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚོགས་ཁག་གཅིག་འཛུགས་ན་ད་གཟོད་ཤྭ་ར་ཐང་གྲོང་སྡེའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་རྣམ་པ་དེ་བསྒྱུར་ཐུབ་པ་ཤེས། 1998ལོར། ཝུའུ་ཧྥུ་ཧྲུའུ་འདེམས་ཤོག་མང་ཆེ་ཤོས་ཐོབ་སྟེ་ཤྭ་ར་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རུ་བསྐོ་བཞག་བྱས། ཅི་འདྲའི་སྒོ་ནས་གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཁོངས་མི་རྣམས་མཐུན་སྒྲིལ་བྱས་ཏེ་ཤྭ་ར་ཐང་གྲོང་སྡེའི་བཟང་ཆ་ལྡན་པའི་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱེད་རྒྱུ་དེ་ཝུའུ་ཧྥུ་ཧྲུའུ་དང་གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཆེས་ཁ་ཚ་དགོས་གཏུགས་ཀྱི་འོས་འགན་ཞིག་ཏུ་གྱུར། དུས་ཚོད་ངེས་ཅན་ཞིག་ལ་བསམ་གཞིགས་བྱས་པར་བརྒྱུད་རྒྱལ་གཅེས་དང་ཁྲིམས་སྲུང་། འཆམ་མཐུན། བདེ་སྐྱིད་ལྡན་པའི་ཁམས་པའི་གྲོང་སྡེ་དང་པོ་བསྐྲུན་རྒྱུ་དེ་འཕེལ་རྒྱས་ཀྱི་དམིགས་འབེན་དུ་བཟུང་བ་དང་། གྲོང་སྡེའི་ཏང་ཀྲི་པུའུ་ཡིས་བློ་བརྟན་འགྱུར་མེད་ཀྱིས་ཏང་དང་མཉམ་དུ་སྐྱོད་པ་དང་། ལོ་ལྔའི་རིང་དུ་མི་སེར་གྱི་ཡོང་འབབ་ལྡབ་འགྱུར་གྱི་འཕར་སྣོན་ཡོང་བ་བྱ་རྒྱུ་དང། ལོ་ལྔའི་རིང་དུ་གྲོང་སྡེའི་རྣམ་པ་དང་འཛུགས་སྐྲུན་ལ་འགྱུར་ལྡོག་ཐེབས་པ། ལོ་ལྔའི་རིང་དུ་རིག་གནས་བྱེད་སྒོ་སྔོན་ལས་ལྡབ་འགྱུར་གྱིས་མང་བ་བཅས་དམིགས་འབེན་དང་ཁས་ལེན་བྱས་པས་སྡེ་བའི་མི་སེར་རྣམས་ཀྱི་བློ་སྤོབས་རྒྱས་པ་དང་རེ་སྨོན་གྱིས་ཁེངས།
ཁྱད་ཆོས་ལྡན་པའི་གཉེན་སྟོན་མཛད་སྒོ།
虾拉沱村独特的婚礼现场
སྡེ་བའི་སྲང་ལམ་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་དུ་བསྒྱུར་བ་དང་། དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་གསར་པ་རེ་རེ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་ཡངས་པའི་ཤྭ་ར་ཐང་ཆེན་དུ་གྲལ་བསྟར་བསྒྲིགས། གྲོང་སྡེའི་ལས་བྱེད་པ་དང་ཏང་ཡོན་རྣམས་རང་འགུལ་གྱིས་ངལ་རྩོད་ཁྲོད་དུ་ཞུགས་ནས་འཐུང་ཆུ་འདྲེན་པ་དང་། གཞུང་ལམ་བསྐྲུན་པས་མང་ཚོགས་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་དུ་བསྐྱོད་པའི་བྱེད་སྟངས་དེ་མི་སེར་གྱིས་དང་ལེན་བྱས་པས་ཏང་རྩ་འཛུགས་ཀྱི་གཅིག་བསྡུས་ཀྱི་ནུས་པ་དང་འཐབ་འཛིང་གི་ནུས་པ་ཇེ་དྲག་ཏུ་བཏང་། ལོ་བདུན་ཅུ་ལ་ལོན་པའི་དཀོན་མཆོག་ནི་ལྔ་སྐྱོང་ཁྱིམ་ཚང་ཡིན། འོན་ཀྱང་ཁོ་ལ་དཀའ་ངལ་ཅིའང་མེད། དུས་ཆེན་ལ་སླེབས་དུས། ཝུའུ་ཧྥུ་ཧྲུའུ་དང་ལས་བྱེད་པ་གཞན་པས་ཁོང་དང་མཉམ་དུ་དུས་ཆེན་རོལ་བ་དང་། རྒྱུན་པར་ཁོང་ཚོ་རེས་མོ་བྱས་ཏེ་འབུད་ཤིང་གཤག་པ་དང་། ཆུ་ལེན་པ། གོས་བཀྲུ་རོགས་བྱས། ཅུང་མ་འགོར་བའི་སྔོན་དུ། དཀོན་མཆོག་སྡེ་བས་བཀོད་སྒྲིག་བྱས་པའི་སྡོད་ཁང་གསར་པ་རུ་སྤོ་ཐུབ་པ་བྱུང་བས་ཁོ་ཡིས་ང་རང་ཤྭ་ར་ཐང་དུ་སྐྱེས་པ་དང་། འཚོ་བ་བདེ་ཞིང་སྐྱིད་པ་འདུག་ཅེས་བཤད།
རིག་གནས་གྲོང་སྡེར་སྐྱེལ་བའི་བྱེད་སྒོ།
文化送下乡
དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ལ། ཁོར་ཡུག་ཀྱང་ལེགས་བཅོས་བྱེད་དགོས།
གྲོང་སྡེའི་ཏང་ཀྲི་པུའུ་ཡིས་འཚོ་སྡོད་ཁོར་ཡུག་ལེགས་བཅོས་སུ་གཏོང་བར་བྱེད་ཐབས་སྣ་མང་སྤྱད་ཡོད་པ་སྟེ། ལོ་ངོ་གསུམ་གྱི་རིང་དུ་སྲིད་གཞུང་གི་རྣམ་གྲངས་གཏོང་འཇོག་དང་། མཉམ་ལས་ཀྱི་སྤྱི་ཕན་མ་དངུལ་གཉིས་གཅིག་གྱུར་གྱི་འཆར་འགོད་དང་ལག་བསྟར་རིམ་པར་དབྱེ་བ། ཕན་པ་གྲོང་མི་སྤྱི་ལ་ཡོད་པའི་ཐབས་ལམ་ལ་བརྟེན་ནས་སྔོན་རྗེས་སུ་དུད་ཚང་ཡོད་ཚད་ཀྱི་ཁང་སྟེང་དུ་གྱོ་མོ་དམར་པོས་བཀབ་པ་དང་། ཡོད་ཚད་ཀྱིས་མེ་ཏོག་ལྡུམ་ར་བསྐྲུན་པ། བྱེ་སྣུམ་ལམ་ཤར་གཏོང་བྱེད་པ་དང་ཉི་ནུས་གློག་སྒྲོན་མཚན་གསལ་བྱ་སྤྱོད། མེ་གསོད་ཆུ་གསོག་རྫིང་བུ་འཛུགས་སྐྲུན། མི་རྒན་པའི་བྱེད་སྒོ་ལྟེ་གནས་འཛུགས་སྐྲུན་སོགས་ཀྱི་ལས་ཀ་རབ་དང་རིམ་པར་སྤེལ། ད་ལྟའི་ཤྭ་ར་ཐང་གྲོང་སྡེ་ནི་ཁོད་སྙོམས་པའི་གཞུང་ལམ་སྡེ་བ་ཡོངས་སུ་བསྣོལ་མར་ཤར་གཏོང་བྱས་ཡོད་པ་དང་། ཁྱད་ལྡན་གྱི་བོད་པའི་སྡོད་ཁང་རེ་རེ་གྲལ་བསྟར་བསྒྲིགས་ནས་ཉི་ནུས་ལམ་སྒྲོན་གྱིས་མཚན་མོའི་མུན་པ་མཐའ་ནས་གསལ། རྒྱང་བསྒྲགས་དང་བརྙན་འཕྲིན། ཁ་པར། རང་འབབ་ཆུ་ཁྱིམ་ཚང་ཡོད་ཚད་ལ་ལྡན་ཞིང་། དགེ་ལེགས་དང་། འབྱོར་ཕྱུག འཆམ་མཐུན་བཅས་ལྡན་པའི་བོད་ཁུལ་གྱི་ཞིང་གྲོང་གསར་པ་ཞིག་ཀུན་གྱི་མིག་ལམ་དུ་མངོན།
རང་འབབ་གཙང་ཆུ་ཁྱིམ་སྒོའི་འགྲམ་དུ་སླེབས། དཀོན་རྡོས་པར་བླངས།
家家户户用上自来水
སྔོན་ཐོན་གྲོང་སྡེ་བསྐྲུན་པའི་ཆེད། སྡེ་མི་ཡོངས་རྫོགས་མཉམ་ཞུགས་བྱས།
ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཤྭ་ར་ཐང་གྲོང་སྡེ་ལ་གནང་བའི་གཟེངས་རྟགས།
中组部向虾拉沱村支部颁发的奖状 图 / 根多
ཤྭ་ར་ཐང་གྲོང་སྡེའི་ཀྲི་པུའུ་ཡིས་མང་ཚོགས་ཀྱི་བདེ་སྐྱིད་མཚོན་གྲངས་གོང་འཕེལ་ཡོང་བར་དམིགས་ནས། རྩ་འཛུགས་ཀྱི་བཟང་ཆ་གང་ལེགས་འདོན་ཏེ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་ཏེ། མི་སེར་རྣམས་ཏང་རྩ་འཛུགས་ཀྱི་ཉེ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་པ་དང་། དཔལ་ཡོན་ལྡན་པའི་ལམ་སྲོལ་བཟང་པོ་བརྒྱུད་སྤེལ་དང་མྱོང་ཚོར་ཡོང་ཆེད་གྲོང་སྡེའི་ཏང་ཀྲི་པུའུ་ཡིས་ལོ་རེའི་བུད་མེད་དུས་ཆེན་དང་། གླིང་ག་གཏོང་བའི་དུས་ཆེན་སོགས་ནི་གཅིག་བསྡུས་ཀྱིས་རིག་གནས་རོལ་རྩེད་སྤེལ་བའི་དུས་ཚོད་དུ་གཏན་འཁེལ་བྱས། གླུ་ལེན་པ་དང་། ཞབས་བྲོ་འཁྲབ་པ། ཐག་འཐེན་འགྲན་བསྡུར་སོགས་སྤེལ་ཏེ་རྣམ་མང་རིག་གནས་དང་ལུས་རྩལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ། ད་དུང་ལས་བརྩོན་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་དང་གྲོང་མཚེས་རོགས་རེས་བྱེད་མཁན་གྱི་སེམས་པ་བཟང་པོ། རྒན་བཀུར་ཆུང་སྐྱོང་གི་བསྙེན་བཀུར་ཞུ་མཁན་སོགས་ལ་བྱ་དགའ་སྤྲོད་པའི་བྱེད་སྒོ་སྤེལ་བར་བརྒྱུད་ཁྱིམ་མཚེས་ཕན་ཚུན་བར་དགའ་གཅེས་དང་འཆམ་མཐུན་མཉམ་གནས། མཐུན་སྒྲིལ་ཡར་ཐོན་གྱི་སྤྱི་ཚོགས་ཀྱི་གོམས་སྲོལ་ཡག་པོ་ཞིག་ཆགས་སུ་འཇུག་ཡོད། དེ་དང་བསྟུན་ནས་གྲོང་སྡེའི་ཨུ་ལྷན་གྱིས་སློབ་གསོ་ལ་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་རྒྱུད་ལ་སློབ་རོགས་མ་དངུལ་ཐེབས་རྩ་བཙུགས་ཏེ་གྲོང་སྡེའི་ན་ཆུང་སློབ་ལོ་རན་པ་ཚང་མ་སློབ་གྲྭར་ཞུགས་དགོས་པའི་སྐུལ་སློང་བྱས།
དྲིན་དྲན་སློབ་གསོ། དཀོན་རྡོས་པར་བླངས།
感恩教育
ལོ་མང་པོའི་རིང་དུ། ཤྭ་ར་ཐང་གྲོང་སྡེའི་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་100%ཟིན་པ་དང་། ཁྱིམ་ཚང་ལ་དཀའ་ཁག་ཡོད་པའི་རྐྱེན་གྱིས་སློབ་བྱོལ་བྱས་པའི་སློབ་མ་གཅིག་ཀྱང་བྱུང་མྱོང་མེད། ལོ་བཅོ་ལྔའི་རིང་དུ། གྲོང་མི་500ལས་མེད་པའི་ཤྭ་ར་ཐང་གྲོང་སྡེའི་མི་180སློབ་གྲྭར་འགྲིམས་ཏེ་ད་ལྟ་ཞིང་ཆེན་དང་ཁུལ། གཞི་རིམ་གྱི་ལས་ཁུངས་ཁག་ཏུ་ལས་ཀ་སྒྲུབ་བཞིན་ཡོད།
བགྲང་ལོ་30ཡི་རིང་དུ་གྲོང་སྡེའི་ལས་བྱེད་པ་བྱས་མྱངས་པའི་ཀྲི་པུའུ་ཧྲུའུ་ཅི་ཝུའུ་ཧྥུ་ཧྲུའུ་ནི་གྲོང་སྡེ་ཡར་རྒྱས་ཕྱོགས་སུ་སྐྱོད་པའི་སྣེ་ཁྲིད་པ་རྒན་གྲས་ཤིག་ཡིན། ཁོ་རང་ཉིད་ཀྱིས་བཤད་ཚུལ་ལྟར་ན། ཡུལ་མི་རྣམས་ཀྱིས་ང་ལ་ཡིད་ཆེས་བྱས་པས་རེད་ཟེར། ཡིད་ཆེས་འདི་ཉིད་ལ་བརྟེན་ནས་ལོ་ངོ་60ཟིན་ལ་ཉེ་བའི་ལས་བྱེད་པ་རྒན་པ་ཁོས་བཤད་རྒྱུར། ང་རང་ཉིད་ཀྱིས་གྲོང་སྡེའི་མི་སེར་རྣམས་སྣེ་ཁྲིད་བྱས་ཏེེ་བདེ་ཞིང་སྐྱིད་པའི་འབྱོར་འབྲིང་འཚོ་བ་རོལ་ཐུབ་པ་བྱ་རྒྱུའི་འགན་འཁྲི་ཡོད་ཟེར།
ཞིང་སྡེའི་དཔེ་ཀློག་ཁང་དུ་མི་སེར་རྣམས་ཀྱིས་དཔེ་ཀློག་བྱེད་བཞིན་པ།
虾拉沱村农家书屋里前来阅览的村民络绎不绝
རྒྱལ་གཅེས། ཁྲིམས་སྲུང་། འཆམ་མཐུན། བདེ་སྐྱིད་ལྡན་པའི་ཁམས་པའི་གྲོང་སྡེ་དང་པོ་འཛུགས་སྐྱོང་བྱེད་རྒྱུ་འདི་ནི་ཤྭ་ར་ཐང་གྲོང་སྡེའི་ཏང་ཀྲི་པུའུ་དང་མི་སེར་ཡོངས་ཀྱིས་བློ་གྲོས་གཅིག་འདུས་ཀྱིས་བྱ་སྤྱོད་ཀྱི་ཚད་གཞི་དང་བརྩོན་ལེན་གྱི་དམིགས་འབེན་ཡིན་ལ། ལམ་འདི་ཉིད་དུ་གྲོང་སྡེའི་ཏང་ཀྲི་པུའུ་བློ་བརྟན་འགྱུར་མེད་སྒོས་མུ་མཐུད་ནས་མདུན་དུ་བསྐྱོད་པས་2012ལོའི་ཟླ་བ་6པར། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཤྭ་ར་ཐང་གྲོང་སྡེ་ལ་རྒྱལ་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཞེས་པའི་གཟེངས་རྟགས་གནང། །