དབུལ་སེལ་འགག་སྒྲོལ་ཀྱི་ལས་ཀའི་ཁྲོད། དཀར་མཛེས་ཁུལ་ཚོང་དོན་མཉམ་ལས་ཅུས་ཀྱིས་གྲོང་ཚོའི་བཅའ་སྡོད་རོགས་སྐྱོར་དང་གཉིས་སློབ་གཅིག་སྒྲུབ་ཀྱི་སློབ་སྦྱོང་སློབ་གསོ་གཉིས་མཉམ་དུ་སྤྲེལ་ཏེ། གྲོང་ཚོའི་བཅའ་སྡོད་རོགས་སྐྱོར་དེ་གཉིས་སློབ་གཅིག་སྒྲུབ་ཀྱི་ཚོད་ལྟ་བྱ་ཡུལ་ཞིག་ཏུ་བཟུང་ནས་ཤུགས་ཆེན་པོས་དབུལ་སེལ་འགག་སྒྲོལ་གྱི་ལས་ཀར་འགན་སྲུང་དང་ཞབས་ཞུ་བསྒྲུབས།
ཞིང་འབྲོག་མི་དམངས་རྣམས་ལ་མཚན་མོའི་སློབ་གྲྭ་བཙུགས་ཏེ། ཞིང་འབྲོག་མང་ཚོགས་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནུས་པ་ཇེ་ཆེར་གཏང་།
གཟུགས་པོ་བརྟག་དཔྱད་ཀྱི་བྱེད་སྒོ་སྤེལ། སྡེ་དགེ་རྫོང་གིས་སྨན་བཅོས་ཞུབས་ཞུ་རུ་ཚོགས་དང་མཐུན་སྦྱོར་ཏེ། དགོན་མདའ་ཡུལ་ཤོག་ཏུ་རིན་མེད་སྒོས་གཟུགས་པོ་བརྟག་དཔྱད་ཀྱི་བྱེད་སྒོ་སྤེལ།
ཏང་འཛུགས་དབུལ་སྐྱོར་ཟབ་ཏུ་གཏོང་། ལས་ཁུངས་ཐོག་གྲོང་སྡེ་སྣོན་པའི་ཏང་གི་རྩ་འཛུགས་མཉམ་འཛུགས་ཀྱི་རྣམ་པ་གསར་པ་ཧུར་ཐག་ངང་འཚོལ་ཞིབ་བྱས་ཏེ། གཉིས་སློབ་གཅིག་སྒྲུབ་ཀྱི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་བཏང་། །