པར་ལེན་པ་བཀྲ་ཤིས་ཚེ་བརྟན་ནི་དཀར་མཛེས་ཁུལ་ལི་ཐང་རྫོང་གི་མི་ཡིན་ཞིང་། 1969ལོར་པེ་ཅིང་གློག་བརྙན་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་ལོ་ངོ་བཞི་བཅུ་ཙམ་གྱི་རིང་ལ་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་གང་སར་བསྐྱོད་ནས། བོད་ཀྱི་སྣོད་བཅུད་བརྗོད་བྱ་བྱས་ཤིང་ལོ་རྒྱུས་ཀྱི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་ཆེས་ཆེར་ལྡན་པའི་འདྲ་པར་རྩ་ཆེན་གང་མང་པར་དུ་བསྐྱོན།
བཀྲ་ཤིས་ཚེ་བརྟན་གྱི་འདྲ་པར་བརྩམས་ཆོས་སྟོང་ཕྲག་ལྔ་ལྷག་རྒྱལ་ཕྱི་ནང་ན་གྲགས་པ་ཆེ་བའི་དུས་དེབ་དང་ཚགས་པར། པར་དེབ་སོགས་སུ་བཀོད། 1988ལོར་ལྷ་ས་ནས་བོད་རིགས་པར་ལེན་པའི་མི་སྒེར་གྱི་འགྲེམ་སྟོན་ཐོག་མ་《བཀྲ་ཤིས་ཚེ་བརྟན་གྱི་པར་ལེན་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན།》སྤེལ་བ་དང་1994ལོར་མི་རིགས་དཔེ་སྐྲུན་ཁང་ནས་བོད་རིགས་པར་ལེན་མཁན་གྱི་སྒེར་དེབ་ཐོག་མ་《བཀྲ་ཤིས་ཚེ་བརྟན་གྱི་བརྩམས་ཆོས་ཕྱོགས་བསྒྲིགས།》པར་དུ་བསྐྲུན། ད་དུང་ཁོང་གི་བརྩམས་ཆོས་མི་ཉུང་བ་ཞིག་རྒྱལ་ཁབ་ཕྱི་ནང་ནི་འགྲེམ་སྟོན་དུ་ཞུགས་པར་མ་ཟད་བྱ་དགའ་གང་མང་ཐོབ་ཡོད།
བཀྲ་ཤིས་ཚེ་བརྟན་ནི་ཀྲུང་གོའི་རིམ་པ་དང་པོའི་པར་ལེན་མཁན་ཡིན་ཞིང་། ཀྲུང་གོའི་པར་ལེན་མཐུན་ཚོགས་ཀྱི་བློ་འདོན་པ་དང་བོད་ལྗོངས་པར་ལེནམཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཡིན། སྔོན་ཆད་ཁོང་གིས་ཀྲུང་གོའི་པར་ལེན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་ལྗོངས་པར་ལེནམཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར་མྱངས།
扎西次登,甘孜藏族自治州理塘县人,一级摄影师,曾任中国摄影家协会副主席,西藏摄影家协会主席,一级摄影师。现已退休,兼任中国摄影家协会顾问和西藏摄影家协会名誉主席。1988年5月在拉萨举办了第一个藏族摄影家的个展《扎西次登摄影艺术作品展览》。1994年由民族出版社出版了由已故中国摄影大师吴印咸提写书名的第一个藏族摄影家的专集《扎西次登作品集》。几十年来,在国内外各种书刊、杂志、画报、画册、展览上发表、刊登、展出的摄影作品和图片达五千余幅,他的多幅作品参加了好几届全国摄影艺术展览和国际摄影艺术展览。
གངས་ལྗོངས་ཉི་གཞོན་།