ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་གློག་དྲྭ་ཀུང་སི་གཉིས་ཀྱིས་མཉམ་གཅིག་ཏུ་མཉམ་ལས་གྲོས་མཐུན་ཡི་གེར་མིང་རྟགས་བཀོད།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-11
སྤྱི་ཟླ་10པའི་ཚེས་10ཉིན། ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་གློག་དྲྭ་ཀུང་སི་གཉིས་ཀྱིས་མཉམ་ལས་བྱེད་པའི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་ནས། མཉམ་གཅིག་ཏུ་རང་རེའི་ཞིང་ཆེན་གྱི་ལྟེ་གནས་གྲོང་རྡལ་དུ་གློག་དྲྭ་གཞན་སྒྱུར་རིམ་འཕར་དང་འཕྲུལ་འཁོར་ཁྲོན་བརྐོའི་གློག་བཟོ་སྐྲུན་བྱེད་པར་སྐུལ་འདེད་གཏང་རྒྱུ་རེད།
གྲོས་མཐུན་ཡི་གེ་གཞིར་བཟུང་ནས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་རང་རེའི་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་གློག་དྲྭ་གཞན་སྒྱུར་རིམ་འཕར་ཡོང་བ་བྱ་རྒྱུ་དང་། རྒྱལ་ཁབ་གློག་དྲྭ་ཀུང་སི་ཡིས་སྔོན་ལ་གྲོང་རྡལ་ཆུང་བར་གློག་དྲྭ་རིམ་འཕར་བསྒྱུར་བཀོད་ལས་གྲྭ་དང་འཕྲུལ་འཁོར་ཁྲོན་བརྐོའི་གློག་བཟོ་སྐྲུན་གྱི་ལས་གྲྭ་བཀོད་སྒྲིག་བྱ་རྒྱུ་རེད།2016ལོ་ནས་2017ལོར། མ་དངུལ་སྒོར་དུང་ཕྱུར90གཏོང་འཇོག་བྱེད་པའི་འཆར་འགོད་བྱས་ནས། ཁྱོན་ཡོངས་ནས་གྲོང་རྡལ་ཆུང་བ་རུ་གློག་དྲྭ་རིམ་འཕར་བསྒྱུར་བཀོད་བྱེད་པའི་འོས་འགན་ལེགས་འགྲུབ་ཡོང་བར་བྱ་རྒྱུ་དང་།དེའི་ཁྲོད་དུ་ཁྱོན་བསྡོམས་མི་ཁྲི་1000འདུས་པ་རེད། དེ་མིན་མ་དངུལ་སྒོར་དུང་ཕྱུར་བཞི་གཏོང་འཇོག་བྱེད་པའི་འཆར་གཞི་བཀོད་དེ། ཁྱོན་ཡོངས་ནས་གཉེར་སྐྱོང་ས་ཁོངས་སུ་ཞིང་ཆུ་འདྲེན་པའི་ཁྲོན་རྐོ་གློག་ཡོངས་སུ་ཁེབས་པ་མངོན་འགྱུར་ཡོང་བར་བྱེད་པ་དང་དེའི་ཁྲོད་དུ་ཞིང་ས་མུའུ་39འདུས།
ཞིང་ཆེན་སྲིད་གཞུང་དང་རྒྱལ་ཁབ་གློག་དྲྭ་ཀུང་སི་གཉིས་ཀྱིས་མཉམ་གཅིག་ཏུ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ཐོག ཕན་ཚུན་བར་འབྲེལ་འདྲེས་བྱེད་པར་ཤུགས་སྣོན་པ་དང་ཕྱོགས་གཉིས་ཀྱི་མཉམ་གཅིག་ཏུ་འཕྲུལ་འཁོར་ཁྲོན་བརྐོའི་ཐོན་དབང་དང་འཕྲུལ་འཁོར་ཁྲོན་བརྐོའི་ལས་གྲྭ་འཛུགས་སྐྲུན་བྱེད་པར་ཁྲིད་སྟོན་བྱས་ཏེ། སྔོན་ལ་སྤྱི་ཚོགས་ཀྱིས་ཨར་ལས་འདུ་འགོད་འདི་ལ་རྒྱབ་སྐྱོར་བྱས་པ་གཞིར་བཟུང་ནས། གློག་དྲྭའི་ཁེ་ལས་ཀྱི་ཁྱོན་ཡོངས་ནས་འགན་ཁུར་དགོས་པ་རེད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། རྒྱལ་ཁབ་གློག་དྲྭའི་སི་ཁྲོན་ཞིང་ཆེན་གྱི་གློག་ཤུགས་ཀུང་སི་ཡིས་གྲོང་རྡལ་གྱི་དྲྭ་བ་བསྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་ཐོག ད་ལོའི་ལོ་སྨད་ཀྱི་སྔོན་དུ་དུད་ཚང་ཁྲི་147གྱི་གློག་ཤུགས་དམའ་བའི་གནད་དོན་ཐག་གཅོད་ཐུབ་པར་བྱ་རྒྱུ་དང་།2019ལོར་དབུལ་ཕོངས་ས་ཁུལ་གྱི་གྲོང་རྡལ་རུ་གློག་དྲྭ་བསྒྱུར་བཀོད་བྱེད་པ་དེ་ཁྱོན་ཡོངས་སུ་ཁེབས་པར་བྱས་ནས། 2020ལོར་དབུལ་ཕོངས་ས་ཁུལ་དུ་གློག་གཏོང་བའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བའི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1