ཁྲན་ཏུའུ་ཡི་འཐབ་ཕྱོགས་གཅིག་འགྱུར་དཀར་མཛེས་ཁུལ་དུ་བསྐྱོད་ཅེས་པའི་བྱེད་སྒོའི་རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ་དར་མདོར་སྤེལ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ེིསི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 09-29




     སྤྱི་ཟླ་9པའི་ཚེས་28ཉིན།   ཁྲན་ཏུའུ་ཡི་འཐབ་ཕྱོགས་གཅིག་འགྱུར་དཀར་མཛེས་ཁུལ་དུ་བསྐྱོད་ཅེས་པའི་བྱེད་སྒོའི་རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ་དར་མདོ་གྲོང་ཁྱེར་གྱི་མཛའ་གཞས་མགྲོན་ཁང་དུ་སྤེལ།  ཉིན་དེའི་སྔ་དྲོར།  ཁྲེན་ཏུའུ་ཡི་འཐབ་ཕྱོགས་གཅིག་འགྱུར་དཀར་མཛེས་ཁུལ་དུ་བསྐྱོད་ཅེས་པའི་བྱེད་སྒོའི་འགོ་ཁྲིད་རྣམས་ཁག་གཉིས་ལ་དབྱེ་ནས་དར་མདོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གི་བཅའ་སྡོད་བྱ་ཡུལ་དུ་འཚམས་འདྲི་གནང་བ་དང་། ཕག་མོ་རི་གཟིགས་འདས་རིག་གནས་ཤུལ་བཞག་གི་རྟེན་རྫས་ཁང་གི་མ་འཇོག་རྣམ་གྲངས་བཅས་ལ་རྟོག་ཞིབ་གནང་པར་ཕེབས། །
     མིང་རྟགས་འགོད་པའི་མཛད་སྒོ་བྱེད་སྒོའི་ཁྲོད་དངོས་རྫས་དང་མ་དངུལ་ཞལ་འདེབས་འབུལ་བའི་མཛད་སྒོ་དང་མ་འཇོག་རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ་བཅས་སྤེལ།  དེའི་ནང་མ་དངུལ་རོགས་སྐྱོར་ཁྱོན་བསྡོམས་སྒོར་ཁྲི199.5 མ་འཇོག རྣམ་གྲངས་ལ་མ་དངུལ་འཇོག་པའི་སྤྱིའི་རིན་བསྡོམས་པའི་སྒོར་དུང་ཕྱུར11.43 གྲོས་ཆོད་ལ་མིང་རྟགས་བཀོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1