ཧིན་རྡུའི་ཕའེ་ལ་ཡེ་ཨར་ཞེས་པའི་སྡེ་བ་ཞིག་ཏུ་ལོ་ངོ་400ལྷག་རིང་གི་ཡ་མཚར་བའི་གོམས་སྲོལ་ཞིག་ཡོད་པ་དེ། ཁྱིམ་བདག་གིས་རང་གི་བྱིས་པ་མཆོད་སྦྱིན་བྱེད་པའི་ཆོས་ལུགས་ཀྱི་སྲོལ་ཞིག་ད་ལྟའི་བར་རྒྱུན་འཛིན་བྱས་ཡོད། ཡུལ་མིས་སྔོན་ཆད་བྱིས་པ་106དགོན་པའི་མདུན་སྒོའི་ཐང་ཆེན་ནས་སྐར་མ་གཅིག་རིང་ས་འོག་ཏུ་གསོན་སྦས་བྱས་ཤིང་མགོ་མ་གཏོགས་ཕྱིར་མེད་པས་ཉེན་ཁ་ཆེན་པོ་འདུག འོན་ཀྱང་ས་གནས་དེ་གའི་སྲིད་ གཞུང་གིས་ཐེ་གཏོགས་བྱས་མེད་པར་མ་ཟད། གཞུང་ལས་པ་ཁ་ཤས་ཀྱང་ཡུལ་ངོས་སུ་ལྟད་མོ་རུ་སླེབས་པ་རེད།
མཆོད་སྦྱིན་གྱི་ཆོ་ག་འགོ་ཚུགས་པའི་སྔོན་དུ། དད་ལྡན་པས་དང་པོར་རང་གི་བྱིས་པ་སྦྲུད་ཁབ་ཀྱིས་ལུས་ཡོངས་སྦྲུད་དུ་བཅུག་ཏེ། ཚོར་ཤེས་མེད་པར་གྱུར་རྗེས་ད་གཟོད་ས་དུང་དུ་བཅུག་པ་དང་། དེ་བཞིན་སྡེ་མི་དག་གིས་སྐར་མ་གཅིག་རིང་ལ་གསོལ་འདེབས་བྱས་རྗེས་ཆོ་ག་མཇུག་སྒྲིལ་བ་རེད།
གལ་སྲིད་བྱིས་པ་གསོན་སྦས་བྱེད་པའི་བརྒྱུད་རིམ་ཁྲོད་ཚོར་བ་ལས་སད་ན་མཆོད་འབུལ་ཐོབ་ཐང་མེད་པར་བཟོ་བ་དང་ཕ་མ་ལའང་གྲངས་འབོར་ཆེ་བའི་དངུལ་ཆད་གཅོད་པ་རེད། སྡེ་མི་དག་གིས་རང་གི་བྱིས་པ་མཆོད་སྦྱིན་དུ་འདེམ་ཐུབ་ན་རེ་སྨོན་མངོན་འགྱུར་བྱུང་བར་ཕན་ནུས་ལྡན་པར་མ་ཟད་བླ་ན་མེད་པའི་གཟི་བརྗིད་ཅིག་ཏུ་ངོས་འཛིན་བྱེད་ངེས།།