ཉེ་ཆར། རྒྱལ་ཡོངས་ཀྱི་བོད་ཡུལ་གྱི་མི་ཉག་རིག་གནས་གཙོར་བྱས་པའི་ཡུལ་སྐོར་ཁུལ་ཐོག་མ་དང་དཀར་མཛེས་ཁུལ་གྱི་དམངས་ཁྲོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་རང་བྱུང་ཁོར་ཡུག་གཞི་གཅིག་དུ་འདྲེས་པའི་ཡུལ་སྐོར་ཁུལ་ཐོག་མ་སྟེ།དར་མདོ་རྫོང་གི་མི་ཉག་མཛེས་ལྗོངས་ཁུལ་ངོས་སུ་སྒོ་ཕྱེས་ནས། ཕྱོགས་སོ་སོ་ནས་ཕེབས་པའི་ཡུལ་སྐོར་བ་རྣམས་སྣེ་ལེན་བྱས། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་ཁུངས་གི་ཏང་ཨུའི་ཧྲུའུ་ཅི་ཝེ་ཙེ་ཐེན་གླིང་ཁུལ་དངོས་སུ་སྒོ་འབྱེད་པའི་མཛད་སྒོའི་ཐོག་དུ་བཞུགས་པ་དང་།དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་ཡིས་མཛེས་ལྗོངས་ཁུལ་དངོས་སུ་སྒོ་ཕྱེ་བ་ཁྱབ་བསྒྲགས་བྱས། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་དེ་སྔའི་དྲུང་ཡིག་ཆེན་མོ་བ་དང་ཀྲུང་དབྱང་གི《བདེན་འཚོལ》དུས་དེབ་ཁང་གི་སྔོན་མའི་པུའུ་ཀྲང་ཀའོ་མིང་ཀང་གིས་རྒྱ་ཆེའི་སྐུ་མགྲོན་ཡོངས་ཀྱིས་ཚབ་བྱས་ནས་མི་ཉག་མཛེས་ལྗོངས་ཁུལ་དངོས་སུ་སྒོ་ཕྱེས་པར་རྟེན་འབྲེལ་ཞུས། ཞིང་ཆེན་མི་དམངས་འཐུས་མིའི་འཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལོའུ་ཙི་ཧྲོའུ་དང་། ཁུལ་གྱི་འགོ་ཁྲིད་ལས་བྱེད་རྒན་པ་ཧུའུ་ཁོ་ལི། ཕན་དབྱིན་ཆོན། ཞེ་ཧྲའོ་ཆོན་སོགས་སྐུ་དངོས་སུ་ཡུལ་དངོས་ལ་ཕེབས་པར་མ་ཟད་མཛེས་ལྗོངས་ཁུལ་སྒོ་འབྱེད་པའི་མཛད་སྒོའི་སྟེང་ཞུགས།
མཛད་སྒོའི་ཐོག་དུ། འགོ་ཁྲིད་ཚོས་དར་རྩེ་མདོའི་མི་ཉག་མཛེས་ལྗོངས་ཁུལ་གྱི་ཐོག་མའི་འཆར་གཞི་དང་ཇུས་འགོད་ནས་ད་ལྟ་དངོས་སུ་སྒོ་ཕྱེ་པའི་བར་ཏག་ཏག་ལོ་གཅིག་གི་དུས་ཚོད་མ་གཏོགས་བཀོལ་མེད་པས། འདི་ནི་བསམ་ཡིད་ལས་འདས་པ་ཞིག་དང་ས་གནས་ཀྱི་ཏང་ཨུའི་སྲིད་གཞུང་དང་ཁེ་ལས། རྒྱ་ཆེའི་བོད་རིགས་སྤུན་ཟླ། དེ་མིན་འཛུགས་སྐྲུན་མཁན་རྣམས་ཀྱིས་མཉམ་གཅིག་དུ་བསྐྲུན་པའི་གཟི་བརྗིད་ལྡན་པའི་བྱས་རྗེས་ཤིག་དང་། སྤྱི་ལོ་2020ལོར་རྒྱལ་ཡོངས་སུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་བྱུང་དགོས་མོད། ཡིན་ནའང་མི་རིགས་ས་ཁུལ་དུ་འབྱོར་འབྲིང་མེད་ན་རྒྱལ་ཡོངས་ཀྱི་འབྱོར་འབྲིང་མེད་པས། མི་རིགས་ས་ཁུལ་དུ་གནད་སྨིན་དབུལ་སྐྱོར་བྱེད་པ་གཙོ་གནད་དུ་འཛིན་དགོས། དེ་བས་མི་ཉག་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་ནི་གནད་སྨིན་དབུལ་སྐྱོར་ཡོང་བའི་མཚོན་བྱེད་རང་བཞིན་གྱི་དཔེ་སྟོན་ལེགས་པོ་ཞིག་ཡིན་པར་མ་ཟད། མི་རིགས་མཐུན་སྒྲིལ་དང་།ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཆེས་ལེགས་པའི་དཔེ་ཞིག་རེད། དེ་རིང་མི་ཉག་མཛེས་ལྗོངས་ཁུལ་དངོས་སུ་སྒོ་ཕྱེས་ཏེ། མ་འོངས་བའི་རྒྱལ་ཁའི་ལམ་ཆེན་གྱི་ཐོག་ཏུ་གོམ་ཁ་ཐོག་མ་དེ་བསྒྱུར་ཡོད་མོད། ཡིན་ནའང་མི་ཉག་གི་མཛེས་ལྗོངས་ཁུལ་དེ་དར་རྩེ་མདོ་དང་། དཀར་མཛེས། སི་ཁྲོན། དེ་མིན་རྒྱལ་ཡོངས་བཅས་ཀྱི་མདུན་གྲལ་དུ་བསྐྱོད་པའི་མཛེས་ལྗོངས་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་པར་ད་དུང་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་བོ་ཞིག་དང་བྱ་བ་མང་པོ་ཞིག་བསྒྲུབ་དགོས། ཐ་ན་དཀའ་གནད་མང་པོ་ཞིག་གདུང་གིས་བསུ་དགོས་ཤིང་། འདི་ནི་ང་ཚོས་ས་གནས་ཀྱི་ཏང་ཨུའི་སྲིད་གཞུང་དང་། ཁེ་ལས། བོད་རྒྱ་སྐད་གཉིས་ཀྱི་རིགས་མཐུན་སྤུན་ཟླ་ཚོས་མཉམ་གཅིག་དུ་འབད་བརྩོན་བྱས་ནས། ཡུལ་སྐོར་མཛེས་ལྗོངས་ས་ཁུལ་དེ་ཡར་ངོས་ཟླ་བཞིན་ཇེ་ལེགས་ཇེ་རྒྱས་སུ་འགྲོ་བར་འབད་བརྩོན་བྱ་དགོས་པའི་དམིགས་འབེན་རེད་ཅེས་བསྟན།།