ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། ཚེ་བརྟན་སྒྲོལ་མས་བསྒྱུར།
སྤེལ་དུས།: ༢༠༡༦ ལོའི་ཟླ་ ༨ ཚེས་ ༥
ཉེ་ཆར། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར་དང་རྫོང་གི་མཚན་སྙན་གནང་བ་དང་གཉིས་བཀུར་དཔེ་སྟོན་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་གནང་བའི་ཚོགས་འདུ་དེ་པེ་ཅིང་དུ་འཚོགས་ཤིང་། རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་དང་། འདི་ནི་གྲོང་ཁྱེར་འདི་རྫོང་ནས་གྲོང་ཁྱེར་དུ་བསྒྱུར་རྗེས་ཐོག་དང་པོར་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པ་ཡིན་ལ། དེ་ཡང་གྲོང་ཁྱེར་དེ་ལོ་ངོ་དྲུག་གི་རིང་དུ་རྒྱུན་མཐུད་བྱས་རྗེས་སྐབས་དྲུག་ལ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་སྟོན་གྲོང་ཁྱེར་གྱི་མཚན་སྙན་ཐོབ་པའང་རེད།།