སི་ཁྲོན་གྱི་རྒྱལ་ཁབ་ཞིང་ལས་ཐོན་རྫས་ཀྱིས་འཛམ་གླིང་གི་གོ་གནས་ཨང་གཉིས་པ་ཟིན་པ།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 07-28
གསར་འགོད་པའི་ཟླ7པའི་ཚེས་26ཉིན་ཞིང་ཆེན་ཞིང་ལས་ཐིང་ནས་གནས་ཚུལ་རྒྱུས་ལོན་པ་ལྟར་ན། ཞིང་ལས་པུའུ་ཡིས་མིག་སྔར་བརྡ་ཁྱབ་བཏང་ནས། རང་རེའི་ཞིང་ཆེན་གྱི་ཕིང་ཤིས་རྫོང་གི་ཤིང་ཏོག་ཡིའུ་ཙི་དང་། བཙན་ལྷ་ཡི་ཀུ་ཤུ་དང་རྒུན་འབྲུམ་མངར་ཆང་། ཡན་པོན་རྫོང་གི་དར་འབུའི་སྒོང་ཤུབས་དང་ནན་ཉིང་གྱི་དགུན་ཁའི་ཞོག་ཁོག ཏུའུ་ཅང་ཡན་གྱི་སྨྱུག་རྩ་དང་ཇ་ལོ་སོགས་ཐོན་རྫས་རིགས་བདུན་རྒྱལ་ཁབ་ཀྱིས་ས་ཁམས་མཚོན་བྱེད་ཐོ་འགོད་བྱས་ནས་སྲུང་སྐྱོང་བྱས་པའི་ཁྲོད་དུ་ཚུད་པ་དང་། དེ་མིན་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཐད་ཀྱི་ས་ཁམས་མཚོན་བྱེད་ཀྱི་ཐོན་རྫས་ཁྱོན་བསྡོམས་151ཟིན་པ་དང་། རྒྱལ་ཡོངས་ཀྱི་གོ་གནས་ཨང་གཉིས་པ་དང་། ནུབ་རྒྱུད་ཀྱི་གོ་གནས་ཨང་དང་པོ་ཟིན་པ་རེད།
མིག་སྔར། རང་རེའི་ཞིང་ཆེན་དུ་ལའང་ཧྲན་ཆེ་བ་དང་ཁྲོན་བོད་མཐོ་སྒང་། ཏཱ་པ་རི་བོ། སི་ཁྲོན་དབུས་ཁུལ་གྱི་རི་སྒང་། ཁྲེན་ཏུའུ་ཐང་ཆེན། འབྲི་ཆུའི་བཞུར་རྒྱུན་གྱི་ས་ཁུངས་དྲུག་གི་ཁྱད་ཆོས་ལྡན་པའི་ཚོང་རྟགས་གྲགས་ཅན་དྲུག་བཏོན།།