སྤྱི་ཟླ་7པའི་ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ཏེ་། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས་ཀྱི་ཐེངས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ད་ལོའི་ཟླ་བཅུ་བར་པེ་ཅིང་དུ་འཚོགས་པར་གཏན་ཁེལ་བྱས། གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས་ལ་ལས་དོན་སྙན་ཞུ་དང་ཕྱོགས་ཡོངས་ནས་གཟབ་ནན་སྒོས་ཏང་སྐྱོང་བའི་གནད་དོན་གལ་ཆེན་དག་ལ་ཞིབ་འཇུག་དང་། རྣམ་པ་གསར་པའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བའི་ཚད་གཞི་དུ་མ་གཏན་འབེབ་བྱེད་པ། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ན་ཁུལ་གྱི་ལྟ་སྐུལ་ཁྲིམས་སྲོལ》(ཚོད་ལྟ།)ལ་བཟོ་བཅོས་བྱ་རྒྱུ་རེད། དེ་མིན་གྲོས་ཚོགས་ལས་མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས། ལོ་འཇུག་གི་དཔལ་འབྱོར་ལས་ཀ་བཀོད་སྒྲིག་བྱ་རྒྱུ་རེད།།