ཝེ་ལ་གྲུ་ཁ་ལས་སྤེལ་བའི་གནས་ཚུལ་ལྟར་ན། ས་གནས་དེ་གའི་དུས་ཚོད་དེ་ཟླ་བ་7པའི་ཚེས་21ཉིན། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་ལྷོ་རྒྱུད་ཀྱི་ཝ་ནུ་ཨ་ཐུའི་ཉེ་འགྲམ་མཚོ་རྒྱུད་དུ་ཚད་རིམ་6.0ཅན་གྱི་ས་འགུལ་བྱུང་། མིག་སྔར་གྱི་སྙན་ཞུ་ལྟར་ན། མི་ལ་རྨས་སྐྱོན་དང་རྒྱུ་ནོར་ལ་གྱོང་གུད་གང་ཡང་བྱུང་མེད།
ཨ་རིའི་ས་གཤིས་རྟོག་ཞིབ་ཅུས་ཀྱི་ས་འགུལ་ཆ་འཕྲིན་དྲ་བ་ལས་གསར་བསྒྲགས་ལྟར་ན། ད་ཐེངས་ཀྱི་ས་འགུལ་དེ་ས་གནས་དེ་གའི་དུས་ཚོད་དེ་ཟླ་བ་7པའི་ཚེས་21ཉིན་གྱི་ཆུ་ཚོད་2པའི་སྐར་མ་13(པེ་ཅིན་དུས་ཚོད་ཟླ་བ་7པའི་ཚེས་20ཉིན་གྱི་ཆུ་ཚོད་23པའི་སྐར་མ་13)སྟེང་བྱུང་ཞིང་། འགུལ་ལྟེ་ཝ་ནུ་ཨ་ཐུ་དབྱི་སང་ཀོ་ཨེར་ས་ཁུལ་གྱི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་76.2ཀྱི་མཚོ་རྒྱུད་དུ་གནས་ཡོད། འགུལ་ཁུངས་ཟབ་ཚད་ལ་སྤྱི་ལེ་164.1ཡོད།